ཟླ་5པའི་ཚེས་1ཉིན་ནས་བཟུང་སྒོར་འདི་དག་སྤྱོད་མཚམས་འཇོག་རྒྱུ་རེད།
དབུ་ཤོག >> དཔལ་འབྱོར་འཚོ་བ། >> མ་རྩའི་འདེབས་ཕྱོགས།
ཟླ་5པའི་ཚེས་1ཉིན་ནས་བཟུང་སྒོར་འདི་དག་སྤྱོད་མཚམས་འཇོག་རྒྱུ་རེད།
རྩོམ་པ་པོ། མི་གསལ། དུས་ཚོད། 2018-03-29 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 772

       ཚེས་22ཉིན། ཀྲུང་གོ་མི་དམངས་དངུལ་ཁང་གིས་གཞུང་ཕྱོགས་དྲ་ཚིགས་ནས་སྤྱི་བསྒྲགས་སྤེལ་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་ཀྲུང་གོ་མི་དམངས་དངུལ་ཁང་གིས་2018ལོའི་ཟླ་5ཚེས་1ཉིན་ནས་བཟུང་འདོན་ཐེངས་བཞི་པའི་མི་དམངས་ཤོག་སྒོར་གྱི་སྒོར་100དང་།   50  10  5  2  1བཅས་དང་། དེ་བཞིན་མོག་ཙེ་2དང་1(གཤམ་དུ་འདོན་ཐེངས་བཞི་པའི་མི་དམངས་ཤོག་སྒོར་དངུལ་ལོར་ཁག་གཅིག་ཞེས་བསྡུ་རྒྱུ)ཁྲོམ་རར་འཁོར་རྒྱུག་བྱེད་མཚམས་འཇོག་རྒྱུ་ཡིན་ཞེས་བཤད་འདུག 


     སྤྱི་བསྒྲགས་ལ་འདོན་ཐེངས་བཞི་པའི་མི་དམངས་ཤོག་སྒོར་གྱི་དངུལ་ལོར་ཁག་གཅིག་གཅིག་སྡུད་བརྗེ་བའི་དུས་ཚོད་ནི་2018ལོའི་ཟླ་5ཚེས་1ཉིན་ནས་2019ལོའི་ཟླ་4ཚེས་30ཉིན་བར་རེད།  དེའི་རིང་དངུལ་ཁང་གི་དངུལ་རྩའི་སྒྲིག་གཞིའི་གཉེར་སྐྱོང་དྲ་ཚིགས་ནས་དངུལ་འདི་དག་བརྗེ་པོ་རྒྱག་ཆོག  གཅིག་སྡུད་བརྗེ་བའི་དུས་ཚད་ཐིམས་རྗེས་འདོན་ཐེངས་བཞི་པའི་མི་དམངས་ཤོག་སྒོར་དངུལ་ལོར་ཁག་གཅིག་ཡོད་མཁན་གྱིས་ཀྲུང་གོ་མི་དམངས་དངུལ་ཁང་གི་ཡན་ལག་དང་ཉིང་ལག་སྒྲིག་གཞིས་གཏན་འཁེལ་བྱས་པའི་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞི་ནས་བརྗེ་ཆོག་གི་ཡོད། 

 

རྩོམ་སྒྲིག་པ། (ཚེ་རིང་དོན་འགྲུབ།)