མཛེས་སྡུག་གི་ཕ་ཡུལ་ཉི་ཤར་གྲོང་།
དབུ་ཤོག >> སྐྱེ་ཁམས་ཡུལ་སྐོར། >> གནས་སྐོར་མཛེས་ལྗོངས།
མཛེས་སྡུག་གི་ཕ་ཡུལ་ཉི་ཤར་གྲོང་།
རྩོམ་པ་པོ། མི་གསལ། ཡིག་བསྒྱུར། ཚེ་དོན། དུས་ཚོད། 2018-03-30 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 742

  ཉི་ཤར་ཤང་ནི་བོད་རིགས་གཙོར་བྱས་པའི་གནའ་བོའི་ལོ་རྒྱུས་ཤིན་ཏུ་རིང་བའི་ཡུལ་གྲུ་ཞིག་ཡིན་ཞིང་།  སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ནུབ་བྱང་ཕྱོགས་ན་ཆགས་ཡོད།   རྫོང་མཁར་དང་སྤྱི་ལེ37ཡི་བར་ཐག་ཡོད་ཅིང་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3160ཡོད་པའི་ཡུལ་གྲུ་ཞིག་ཡིན།   ཉི་ཤར་ཤང་གི་ལྷོ་ཕྱོགས་ནི་འབྲི་ཆུ་དང་འབྲེལ་ཞིང་།  ནུབ་ནི་འཇོལ་རྫོང་དང་འབྲེལ།   ནུབ་བྱང་གི་མཚམས་ནི་སི་ཁྲོན་ཞིང་ཆེན་གྱི་སྡེ་རོང་རྫོང་དང་འབྲེལ།   2006ལོར་སྡོམ་རྩིས་བྱས་པ་གཞིར་བཟུང་ན་ཤང་ཡོངས་སུ་ཁྱོན་བསྡོམས་ཁྱིམ་ཚང1209དང་།  མི་གྲངས6473ཡོད།     

 

 

 ཡུལ་འདིའི་སྡོད་ཁང་མང་ཆེ་བ་ནི་ཤང་ཁང་གིས་བཟོས་པ་ཡིན་ལ།  བོད་ཁང་གི་ཁྱད་མངོན་པར་གསལ།  ཞོགས་པར་ཉི་གཞོན་ཤར་མ་ཐག་ཉི་རྩེ་རྒྱག་ཐུབ་པའི་ཐང་ཞིག་ན་ཆགས་ཡོད་པས་ཉི་ཤར་ཞེས་ཐོགས་ཤིང་།   གནའ་བོའི་བོད་ཀྱི་རྫ་ནག་ཐོན་སའི་ཡུལ་མིང་གྲགས་ཅན་ཞིག་ཡིན།  དེང་སང་ཉི་ཤར་རྫ་ནག་ཅེས་ན་རྒྱལ་ཕྱི་ནང་དུ་སྙན་གྲགས་ཡོད་པའི་བོད་ཀྱི་ཐོན་རྫས་ཤིག་ཡིན་ཞིང་།   འདི་ལ་རིགས་མང་པོ་ཡོད།    དེར་མ་ཟད་ཡུལ་འདི་ནི་གླུ་གར་གྱི་རྒྱ་མཚོར་ངེས་ཤིང་ཉི་ཤར་བྱམས་གླུ་ཟེར་ན་སེམས་ཀྱི་ཉི་ཟླ་དང་ཉེ་འཁོར་ས་གནས་ཀུན་ལ་རྒྱུས་མངའ་ཆེན་པོ་ཡོད།  

  གཤམ་དུ་སྐུ་ཉིད་ཀྱིས་ཉི་ཤར་ཡུལ་དུ་དཔྱིད་ཀྱི་མེ་ཏོག་འཛུམ་པའི་མཛེས་ཉམས་ལ་རོལ་མྱོང་བྱེད་པར་འཚལ།  

 

 

 

 

 

 

རྩོམ་སྒྲིག་པ། (ཚེ་རིང་དོན་འགྲུབ།)