དབུ་ཤོག >> བོད་ཀྱི་རིག་གནས། >> གསོ་རིག >> བདེ་ཐང་མཛུབ་སྟོན།
ཁང་པའི་བདག་དབང་ལག་ཁྱེར་བསྐྱར་པར་ལ་སྣང་ཆུང་བྱེད་མི་རུང་།
རྩོམ་པ་པོ། མི་གསལ། དུས་ཚོད། 2018-04-02 རྩོམ་ཁུངས། མི་གསལ། ཀློག་གྲངས། 277

        རྣམ་ཀུན་འཚོ་བའི་ནང་སྐབས་རེ་ཁང་པའི་བདག་དབང་ལག་ཁྱེར་བསྐྱར་པར་བརྒྱབ་ནས་མི་གཞན་ལ་གཡར་ཏེ་ཀུང་སི་ཐོ་འགོད་བྱེད་པ་སོགས་ཀྱི་གནས་ཚུལ་མང་པོ་འཕྲད་ཀྱི་ཡོད།

        མི་དམངས་ཉེན་རྟོག་པས་དྲན་སྐུལ་བྱས་པར། ཁང་པའི་བདག་དབང་ལག་ཁྱེར་ནི་སྤྱི་དམངས་ཀྱི་ཁང་པའི་བདག་དབང་ཁྲིམས་བཞིན་སྲུང་སྐྱོབ་ཐོབ་པའི་དཔང་ཡིག་ཅིག་ཡིན་པས་ངེས་པར་དུ་ཉར་ཚགས་ཡག་པོ་བྱེད་དགོས། བསྐྱར་པར་བརྒྱབ་པའི་བདག་དབང་ལག་ཁྱེར་ཡང་མི་གཞན་ལ་གང་བྱུང་སྤྲད་མི་ཉན། ཁྲིམས་འགལ་བས་དེ་བེད་སྤྱད་ནས་ཁང་བདག་ངོ་མར་གྱོང་གུན་བཟོ་བའི་སྣང་ཚུལ་ལ་སྔོན་འགོག་བྱེད་དགོས།

        དུས་རྒྱུན་ནས་རང་ཉིད་ཀྱི་ཁང་པའི་བདག་དབང་ལག་ཁྱེར་ཉར་ཚགས་ཡག་པོ་བྱེད་དགོས་པ་དང་། མི་གཞན་ལ་གང་བྱུང་གཡར་མི་རུང་ལ། ལྷག་པར་དུ་ཡུལ་མིའི་ཐོབ་ཐང་ལག་ཁྱེར་དང་མཉམ་དུ་གཡར་མི་རུང་།     བསྐྱར་པར་བརྒྱབ་པའི་ཁང་པའི་བདག་དབང་ལག་ཁྱེར་རང་འདོད་བཞིན་གང་བྱུང་དབྱུག་རྒྱུ་མེད།

        མི་གཞན་ལ་ཁང་གླ་གཏོང་སྐབས། གལ་སྲིད་བསྐྱར་པར་བརྒྱབ་པའི་བདག་དབང་ལག་ཁྱེར་ཁང་པ་བོགས་ལེན་བྱེད་མཁན་ཀུང་སིར་ཐོ་འགོད་བྱེད་པར་སྤྲོད་དགོས་ན། ངེས་པར་དུ་དེའི་སྟེང་སྣག་ཚ་སྔོན་པོས་ཟུར་བཀོད་མཆན་འགྲེལ་འབྲི་དགོས། ཟུར་བཀོད་མཆན་འགྲེལ་འབྲི་སྐབས་བསྐྱར་པར་ཤོག་བུའི་ཡིག་འབྲུ་ཡོད་སའི་སྟེང་ལ“བསྐྱར་པར་དེ་ཀུང་སིར་ཐོ་འགོད་བྱེད་པར་མཁོ་འདོན་བྱེད་པ་ལས་གོ་ཆོད་གཞན་མེད”ཅེས་པའམ། “དེ་ཡང་བསྐྱར་བསྐྱར་པར་བརྒྱབ་མི་ཆོག”ལྟ་བུ་འབྲི་དགོས། 

 

 

རྩོམ་སྒྲིག་པ། (པདྨ་མཚོ།)