དབུ་ཤོག >> སྐབས་དོན་གསར་འགྱུར། >> བོད་ཁུལ་གསར་འགྱུར།
བོད་ཀྱིས་ཉིང་ཁྲིའི་ཁམ་བུའི་མེ་ཏོག་དུས་ཆེན་ལ་བརྟེན་ནས་ཁྱད་ལྡན་ཐོན་ལས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།
རྩོམ་པ་པོ། མི་གསལ། དུས་ཚོད། 2018-04-03 རྩོམ་ཁུངས། མི་དམངས་དྲ་བ། ཀློག་གྲངས། 1001

     ས་མཐོར་ཁམ་བུའི་མེ་ཏོག་རྣམ་པར་བཞད། མེ་ཏོག་ལ་བརྟེན་ཕྱུག་པོའི་ལམ་དུ་སྐྱོད། ཟླ་3ཚེས་29ཉིན་བོད་ཀྱི་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀ་ལ་གྲོང་ཚོར་ཉིང་ཁྲིའི་ཁམ་བུའི་མེ་ཏོག་གི་ཡུལ་སྐོར་དང་རིག་གནས་དུས་ཆེན་སྐབས་བཅུ་དྲུག་པ་འགོ་ཚུགས་པ་དང་། རང་ཁུལ་གྱི་སྤུས་རྟགས་ལ་བརྟེན་ནས་ཉིང་ཁྲིའི་ཇ་ལོ་དང་། སྦི་རག་སོགས་ཀྱི་ཁྱད་ལྡན་ཐོན་ལས་ཀྱི་འཕེལ་རྒྱས་ལ་སྐུལ་མ་བཏང་བ་རེད།

     དུས་ཡུན་ཟླ་གཅིག་ཡིན་པའི་ཁམ་བུའི་མེ་ཏོག་དུས་ཆེན་རིང་། སྨན་གླིང་རྫོང་ཟུར་གསུམ་གྲོང་ཚོ་དང་། སྤོ་བོ་རྫོང་གི་ཁམ་བུའི་མེ་ཏོག་རོང་། ཀོང་པོ་རྒྱ་མདའ་རྫོང་བྲག་གསུམ་མཚོ་བཅས་སུ་ཡན་ལག་ཚོགས་ར་བཙུགས་ནས་ཡུལ་སྐོར་བར་ཁམ་བུའི་མེ་ཏོག་གི་མཛེས་སྡུག་མྱོང་རོལ་བྱེད་དུ་བཅུག་པ་མ་ཟད། ཁམ་བུའི་མེ་ཏོག་གི་མཚན་ཚོགས་དང་། “བཞིན་བཟང་མའི་ཁམ་བུའི་མེ་ཏོག་འབྱུང་གནས”ཀྱི་བྱུག་རྫས་བྱུག་པ། སྨན་གསར་ལུགས་ཀྱི་ཐང་ག་འགྲེམས་སྟོན་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་ཡིན་ཞིང་། འདི་ནི་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་ཡར་ཀླུང་གཙང་འགྲམ་གྱི་ཁམ་བུའི་རིག་གནས་དུས་ཆེན་གྱི་བྱེད་སྒོ་སྤེལ་ཡུལ་ཡིན་པ།

 

རྩོམ་སྒྲིག་པ། (པདྨ་མཚོ།)