དབུ་ཤོག >> སྐབས་དོན་གསར་འགྱུར། >> ས་གནས་གསར་འགྱུར།
ཁུལ་སྲིད་གཞུང་གིས་ཡུལ་སྐོར་བཅོས་བསྒྱུར་རིམ་སྤར་ལས་ཀའི་བཞུགས་མོལ་ཚོགས་འདུ་འཚོགས་པ།
རྩོམ་པ་པོ། མི་གསལ། དུས་ཚོད། 2018-04-09 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 2735

  སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་སྔོན།ཁུལ་སྲིད་གཞུང་གིས་ཡུལ་སྐོར་བཅོས་བསྒྱུར་རིམ་སྤར་ལས་ཀའི་བཞུགས་མོལ་ཚོགས་འདུ་འཚོགས་པ།སེམས་ཀྱི་ཉི་ཟླའི་གཙང་གསུམ་མཉམ་བཞུར་ཡུལ་སྐོར་རིག་གནས་ཐོན་ལས་ཀྱི་འཕེལ་རྒྱས་ལ་ཆེད་དོན་ཞིབ་འཇུག་བྱས།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་དཔོན་ཆི་ཅན་ཞིན་གྱིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ།

     གྲོས་ཚོགས་ཀྱིས་བསྟན་དོན།སེམས་ཀྱི་ཉི་ཟླའི་གཙང་གསུམ་མཉམ་བཞུར་ཡུལ་སྐོར་རིག་གནས་ཐོན་ལས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་ནི།ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བདེ་ཆེན་དུ་དོན་འཁྱོལ་མཐར་ཕྱིན་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ཡིན་པ་དང་།གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་པའི་དོན་གནས་དགོས་མཁོ་ཡིན།དབུལ་སྐྱོར་འགག་སྒྲོལ་ལེགས་གྲུབ་བྱུང་བའི་དགོས་ངེས་ཀྱི་བླང་བྱ་ཡིན།འཕེལ་རྒྱས་འདུ་ཤེས་ཆེན་པོ་ལྔ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་པའི་དགོས་མཁོ་ཡིན།སྐྱེ་ཁམས་ལ་བརྟེན་ནས་ཁུལ་འཛུགས་པ་ལག་བསྟར་བྱེད་པ་དང་སྐྱེ་ཁམས་དཔལ་ཡོན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་བྱ་ཐབས་ཡིན་ཏེ།བདེ་ཆེན་གྱིས་ཡུལ་སྐོར་བཅོས་བསྒྱུར་རིམ་སྤར་མྱུར་མགྱོགས་སུ་གཏོང་བར་དོན་སྙིང་ཆེན་མོ་ཡོད་པ་རེད།

    གྲོས་ཚོགས་ཀྱིས་ངོས་འཛིན་བྱས་དོན།སེམས་ཀྱི་ཉི་ཟླའི་གཙང་གསུམ་མཉམ་བཞུར་ཡུལ་སྐོར་རིག་གནས་ཐོན་ལས་འཕེལ་རྒྱས་གཏོང་བའི་ཐད་ཀྱི་ཐོག་མའི་འཕེལ་རྒྱས་བསམ་གཞི་ནི་རིག་གནས་དཔལ་འབྱོར་ཆུས་གཅིག་དང་ཁྱད་ལྡན་ཡུལ་སྐོར་རིག་གནས་ཀྱི་ཤང་གྲོང་གཅིགཐོན་ལས་འཕེལ་རྒྱས་ཁུལ་གཅིག ཤེས་ལྡན་མི་སྣ་དང་རྣམ་གྲངས་ཀྱི་བང་མཛོད་གཅིག ཁེ་ལས་པའི་རླངས་འཁོར་རུ་ཁག་གཅིགཡུལ་སྐོར་རིག་གནས་འཕེལ་རྒྱས་གཏོང་བའི་གླེང་སྟེབས་གཅིག་གི་འཕེལ་རྒྱས་གནས་སྟངས་ཤིག་འཛུགས་རྒྱུ་རེད།


རྩོམ་སྒྲིག་པ། (སྒྲོལ་མ་གཡང་མཚོ།)