གྲོང་སྡེ་﹙སྡེ་ཁུལ﹚ཨུ་ལྷན་193ལ་དམིགས་བསལ་ཁྲིམས་མིའི་ཐོབ་ཐང་ཐོབ་པ།
དབུ་ཤོག >> སྐབས་དོན་གསར་འགྱུར། >> ས་གནས་གསར་འགྱུར།
གྲོང་སྡེ་﹙སྡེ་ཁུལ﹚ཨུ་ལྷན་193ལ་དམིགས་བསལ་ཁྲིམས་མིའི་ཐོབ་ཐང་ཐོབ་པ།
རྩོམ་པ་པོ། མི་གསལ། ཡིག་བསྒྱུར། པདྨ་མཙོ། དུས་ཚོད། 2018-04-10 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 2967

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ3པའི་ཚེས30ཉིན་བར་དུ།རང་ཁུལ་གྱི་སྡེ་ཁུལ་ཨུ་ལྷན་12དང་གྲོང་སྡེ་ཨུ་ལྷན་181ལ་གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་རྩ་འཛུགས་ཀྱི་དམིགས་བསལ་ཁྲིམས་མིའི་གཅིག་གྱུར་གྱི་སྤྱི་ཚོགས་ཡིད་རྟོན་ཨང་ཚབ་ལག་ཁྱེར་ཐོབ་པ་རེད།
    གྲོང་སྡེ་﹙སྡེ་ཁུལ﹚ཨུ་ལྷན་ལ་དམིགས་བསལ་ཁྲིམས་མིའི་ཐོབ་ཐང་ཐོབ་རྗེས། ཁྲིམས་ལྟར་འགན་ནུས་སྒྲུབ་པར་མཁོ་བའི་དམངས་དོན་གྱི་བྱེད་སྒོ་སྤེལ་ཆོག་པས།སྔར་ལས་ལྷག་པའི་སྒོ་ནས་མང་ཚོགས་ལ་སྤྱི་པའི་ཞབས་ཞུ་འདོན་སྤྲོད་བྱེད་ཐུབ།དུས་མཚུངས་སུ། རང་ཚུགས་ཁྲིམས་མི་ཡིན་པའི་ཆ་ནས་ དེར་བསྟུན་དམངས་དོན་འགན་འཁྲི་འཁུར་དགོས་པ་རེད།འདིས་སྔར་ལས་ལྷག་པར་གྲོང་ཁྱེར་དང་གྲོང་གསེབ་སྡེ་ཁུལ་གྱི་བཅོས་སྐྱོང་ལ་སྤྱི་ཚོགས་ཅན་དང་ཁྲིམས་ལུགས་ཅན།རིག་ནུས་ཅན།ཆེད་ལས་ཅན་གྱི་ཆུ་ཚད་དུ་མཐོར་འདེགས་གཏོང་རྒྱུ་རེད།གྲོང་སྡེ་﹙སྡེ་ཁུལ﹚ཨུ་ལྷན་ལ་དམིགས་བསལ་ཁྲིམས་མིའི་གཅིག་གྱུར་གྱི་སྤྱི་ཚོགས་ཡིད་རྟོན་ཚབ་ཨང་ཐོབ་པ་དེ་ཡིད་རྟོན་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་དང་དོ་དམ་སྡེ་ཁག་བར་གྱི་ལས་སྒོ་མཉམ་སྒྲུབ་ལ་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད་པ་མ་ཟད།གྲོང་སྡེ་﹙སྡེ་ཁུལ﹚ཨུ་ལྷན་ཚད་ལྡན་རང་བཞིན་གྱི་འཛུགས་སྐྲུན་ལ་ཤུགས་བསྣན་དང་གཞི་རིམ་གྱི་ལས་དོན་སྒྲུབ་རྒྱུ་གང་ལེགས་ཀྱི་སྐུལ་སློང་བྱེད་པར་ཕན་པས།གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་ཤུགས་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་དང་།གྲོང་མི་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་ཐུབ་པ་རེད།
    རྒྱུས་ལོན་བྱུང་བ་ལྟར་ན།2017ལོའི་ཟླ10པའི་ཚེས1ཉིན་ནས་དངོས་སུ་ 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་ཁྲིམས་སྤྱིའི་རྩ་དོན་》ལག་བསྟར་བྱས་ནས།གྲོང་སྡེ་﹙སྡེ་ཁུལ﹚ཨུ་ལྷན་ལ་གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་རྩ་འཛུགས་ཀྱི་དམིགས་བསལ་ཁྲིམས་མིའི་ཐོབ་ཐང་གསལ་འབེབས་བྱས་ཏེ།གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་རྩ་འཛུགས་ལ་གཅིག་གྱུར་གྱི་སྤྱི་ཚོགས་ཡིད་རྟོན་ཚབ་ཨང་ཐོབ་པར་ཁྲིམས་ལུགས་ཀྱི་ཁུངས་ལུང་འདོན་ཐུབ་པས།དུས་རབས་གསར་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་བཅོས་སྐྱོང་གི་གལ་ཆེའི་ལམ་ཚད་རྡོ་ཕུར་ཞིག་ཡིན་པ་རེད།རྒྱལ་ཁབ་ཀྱིས་ཁྲིམས་མི་ལ་ལས་དོན་ལས་བགོས་བྱས་པ་གཞིར་བཟུང་།དམངས་སྲིད་སྡེ་ཁག་གིས་གཞི་རིམ་མང་ཚོགས་རང་སྐྱོང་རྩ་འཛུགས་གཅིག་གྱུར་གྱི་སྤྱི་ཚོགས་ཡིད་རྟོན་ཚབ་ཨང་ལས་ཀ་འགན་ཁུར་དགོས།    

རྩོམ་སྒྲིག་པ། (པདྨ་མཚོ། )