དབུ་ཤོག >> སྐབས་དོན་གསར་འགྱུར། >> ས་གནས་གསར་འགྱུར།
སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ལྟ་བ་གསར་པ་མཐའ་འཁྱོངས་བྱེད་དེ་གྲོང་ཁྱེར་གསར་པ་བཞེངས་སྐྲུན་བྱ་རྒྱུ།
རྩོམ་པ་པོ། མི་གསལ། ཡིག་བསྒྱུར། ཚེ་རིང་སྒྲོལ་མ། དུས་ཚོད། 2018-04-10 རྩོམ་ཁུངས། སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ། ཀློག་གྲངས། 4364

         སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ3པའི་ཚེས་30ཉིན་འཚོགས་པའི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་གྲོང་ཁྱེར་འཛུགས་སྐྲུན་ཚོགས་འདུའི་ཐོག་བསྟན་དོན།  གྲོང་དྲུག་མཉམ་གཏོད་ཞེས་པ་དམ་འཛིན་བྱེད་དེ་ལྟ་བ་གསར་པ་མཐའ་འཁྱོངས་བྱེད་པ་དང་། འཆར་འགོད་དང་འཛུགས་སྐྲུན།  དོ་དམ་གཅིག་སྡུད་བྱེད་པ།  སྡོད་འོས་པ་དང་ལས་འོས་པ།  ཡུལ་སྐོར་འོས་པའི་བོད་ཁུལ་གྱི་གྲོང་ཁྱེར་གསར་པ་བཞེངས་སྐྲུན་གང་ཐུབ་བྱེད་དགོས་པ་དང་གྲོང་རྡལ་ཅན་དང་གྲོང་ཁྱེར་ལས་དོན་ཆུ་ཚད་གསར་པ་ཞིག་ཏུ་གཏོང་བར་འབད་དགོས།
         ཚོགས་འདུས་བསྟན་དོན།  ཉེ་བའི་ལོ་འགའི་རིང་།  སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་སེམས་ཀྱི་ཉི་ཟླའི་སྤུས་རྟགས་དྲིལ་བསྒྲགས་དང་ཡར་འཐེན་ལ་དམ་དུ་འཛིན་པ་དང་།  ཡུན་ནན་དང་སི་ཁྲོན།  བོད་ལྗོངས་གསུམ་གྱི་མཐུད་མཚམས་ཀྱི་ས་ཁོངས་རང་བཞིན་གྱི་ལྟེ་བའི་གྲོང་ཁྱེར་འཛུགས་སྐྲུན་གཙོ་གནད་དུ་བྱེད་པ།  གྲོང་ཁྱེར་གྱི་ཤར་དུ་གསར་གཏོད་དང་ལྷོར་ནར་འགྱངས།  བྱང་དུ་ཡར་འཐེན་དང་ནུབ་ཏུ་ཚོད་འཛིན།  དཀྱིལ་དུ་གཤོང་བ་ཞེས་པའི་འཛུགས་སྐྲུན་སྐུལ་སྤེལ་གཏོང་བ་དང་།  གྲོང་ཁྱེར་གྱི་གཞི་ཁྱོན་དང་བྱེད་ནུས་ཁྱབ་སྟངས།  ཐོན་ལས་ཁྱབ་སྟངས་སོགས་རྒྱུན་མི་ཆད་པར་གོང་དུ་གཏོང་བ།  ཁྱད་པར་དུ་བདེ་ཆེན་ཁུལ་དབུ་བརྙེས་ནས་ལོ་ངོ་60འཁོར་བ་དང་དབུལ་སྒྲོལ་འགག་སྒྲོལ་དེ་གོ་སྐབས་སུ་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛུགས་སྐྲུན་བྱེད་ཤུགས་ཆེར་གཏོང་སྟེ།  གྲོང་ཁྱེར་མཛེས་འགྱུར་དང་གསལ་འགྱུར།  ལྗང་འགྱུར་མཆོང་སྐྱོད་དར་འཕེལ་ཐུབ་པ་དང་གྲོང་གསེབ་ཀྱི་རྣམ་པ་གསར་དུ་གྱུར་ཡོད།
 ཚོགས་འདུའི་ཐོག་ནན་བཤད་བྱས་དོན།   ད་ལོ་ནི་བསྒྱུར་བཅོས་སྒོ་འབྱེད་ནས་ལོ་40འཁོར་བའི་ལོ་ཡིན་ལ།  ལོ་ལྔ་ཅན་གྱི་འཆར་གཞིའི་གོང་མཐུད་འོག་འདྲེན་གྱི་འགངས་གནད་ཀྱི་ལོ་ཡིན་པ་དང་། སྐབས་བཅུ་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་རང་ཁུལ་དུ་སྤེལ་བའི་ལོ་ཡང་ཡིན་པས།   ད་ལོའི་གྲོང་ཁྱེར་གྱི་འཆར་འགོད་དང་འཛུགས་སྐྲུན།  དོ་དམ་ལས་ཀ་ཡག་པོ་སྒྲུབ་པ་ལ་དོན་སྙིང་གལ་ཆེན་ལྡན། 
         མིག་སྔ་དང་དེང་ཕྱིན་གྱི་དུས་རིམ་ཞིག་ཏུ།   སེམས་ཀྱི་ཉི་ཟླའི་གྲོང་ཁྱེར་འཛུགས་སྐྲུན་ནི་གྲོང་ཁྱེར་དར་འཕེལ་གྱི་ཆོས་ཉིད་ལ་བརྩི་སྲུང་བྱེད་དགོས་ཏེ།  མི་གྲངས་དང་མ་དངུལ།  ཆ་འཕྲིན།  ལག་རྩལ་སོགས་ཐོན་ཁུངས་འོས་འཚམ་གྱིས་གཅིག་སྡུད་བྱེད་དེ།  གྲོང་ཁྱེར་གྱི་ཁོར་ཡུག་མཛེས་སུ་འགྱུར་བ་དང་།   ཆ་འགྲིག་གི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ།   གྲོང་ཁྱེར་གྱི་ཐོན་ཁུངས་བདག་གཉེར་བྱེད་པ།  ཁྲིམས་ལྟར་གྲོང་ཁྱེར་སྐྱོང་བ།   གྲོང་ཁྱེར་གྱི་མཚོན་རྟགས་འཛུགས་པ།  གྲོང་ཁྱེར་གྱི་སྤུས་རྟགས་ཁྱབ་གདལ་གཏོང་བ།  གྲོང་ཁྱེར་གྱི་འགྲན་རྩོད་ནུས་ཤུགས་གོང་དུ་གཏོང་བ།   སེམས་ཀྱི་ཉི་ཟླ་དེ་སྡོད་འོས་པ་དང་ལས་འོས་པ།  ཡུལ་སྐོར་འོས་པའི་བོད་ཁུལ་གྱི་གྲོང་ཁྱེར་གསར་པར་སྐྲུན་གང་ཐུབ་བྱེད་དགོས།
         ཚོགས་འདུའི་ཐོག   གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་གི་སྡེ་ཚན་སོ་སོས་དངོས་གནས་ཀྱིས་གྲོང་ཁྱེར་འཆར་འགོད་དང་འཛུགས་སྐྲུན།   དོ་དམ་ལས་ཀ་འབོར་ཐོན་གྱི་གནས་སུ་འཇུག་དགོས་པ་དང་།  དཔལ་འབྱོར་སྤྱི་ཚོགས་དར་འཕེལ་དང་སེམས་ཀྱི་ཉི་ཟླའི་སྤུས་རྟགས་གོང་དུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཏུ་བྱེད་དགོས།   ཕྱོགས་ཡོངས་ནས་དུས་རིམ་གསར་པའི་གྲོང་ཁྱེར་འཛུགས་སྐྲུན་གྱི་མཁྲེགས་གཏོར་དམག་འཐབ་ཡག་པོ་སྒྲུབ་དགོས་པ་དང་།    འགོ་ཁྲིད་བྱེད་ཤུགས་ཆེར་གཏོང་དགོས་པ་དང་སྐུལ་སྤེལ་ཡག་པོ་བྱེད་དེ།  འཆར་གཞི་ཡོད་པ་དང་བྱེད་ཐབས་ཡོད་པ།   དཔྱད་ཞིབ་ཡོད་པ་བྱས་ནས།   འགོ་ཁྲིད་ལ་ལས་འགན་ཡོད་པ་དང་སྡེ་ཚན་ལ་དམིགས་འབེན་ཡོད་པ།  རིམ་པ་རེར་འགན་ཁུར་ཡོད་པ།   མི་ཀུན་ལས་འགན་ཡོད་པའི་ལས་དོན་སྤེལ་ཕྱོགས་ཆགས་དགོས།    གྲོང་ཁྱེར་ཡོངས་ཀྱིས་དམིགས་འབེན་ལ་དམ་པོར་དམིགས་པ་དང་ལས་ཀའི་འགན་འཁྲི་ཞིབ་གསལ་བྱེད་པ།  དོན་འཁྱོལ་བྱེད་ཤུགས་ཆེར་བཏོང་ནས།  རང་ཅག་འཚོ་གནས་བྱེད་པའི་གྲོང་ཁྱེར་དེ་སྤུས་ཀ་དག་ཚད་དེ་བས་ལེགས་པ་དང་ཡིད་དབང་འཕྲོག་ཤུགས་ལྡན་པར་གྱུར་དུ་བཅུག་དགོས་པ་དང་།  གྲོང་མིའི་འཚོ་བ་བདེ་སྐྱིད་ཀྱི་བསམ་ཚུལ་དང་བདེ་འཇགས་ཀྱི་ཉམས་སྣང་།   སྤོབས་པའི་བསམ་ཚུལ་ལྡན་དུ་བཅུག་དགོས།     

རྩོམ་སྒྲིག་པ། (པདྨ་མཚོ།)