དབུ་ཤོག >> སྐབས་དོན་གསར་འགྱུར། >> ས་གནས་གསར་འགྱུར།
བདེ་ཆེན་ཁུལ་གྱིས་གནས་སྤོ་ཁྱིམ་ཚང་ལ་དུས་ཐོག་ཏུ་གནས་སྤོ་ཐུབ་པར་ཁག་ཐེག་བྱས།
རྩོམ་པ་པོ། མི་གསལ། ཡིག་བསྒྱུར། གཡང་མཚོ། དུས་ཚོད། 2018-04-10 རྩོམ་ཁུངས། སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ། ཀློག་གྲངས། 1891

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།བདེ་ཆེན་ཁུལ་གྱིས་དབུལ་སྐྱོར་འགག་སྒྲོལ་ཁྲོད་གཙོ་བོ་ནི་ཡུལ་གཞན་དབུལ་སྐྱོར་གནས་སྤོའི་ལས་ཀ་ལ་སྐུལ་འདེད་བཏང་ནས།སྟོབས་ཤུགས་གང་ཡོད་ཀྱིས་གནས་སྤོ་ཁྱིམ་ཚང་ལ་དུས་ཐོག་ཏུ་གནས་སྤོ་ཐུབ་པར་ཁག་ཐེག་བྱས་པ་རེད།
 2016ལོ་ནས་2017ལོ་གཉིས་བར། རང་ཁུལ་གྱིས་ཁྱོན་བསྡོམས་ཡུལ་གཞན་དབུལ་སྐྱོར་གནས་སྤོ་མི་གྲངས་9041དང་དུད་ཚང་2391ལག་བསྟར་བྱས།དེའི་ནང་།ཡིག་ཚགས་དང་གྰ་བཟོས་བའི་དབུལ་ཕོངས་མི་གྲངས་7044དང་དུད་ཚང་1845ཡོད།དུས་མཉམ་དུ་མི་གྲངས་1997དང་དུད་ཚང་546གནས་སྤོ་བྱས།ཁྱོན་བསྡོམས་གཅིག་བསྡུས་ཀྱིས་བཀོད་སྒྲིག་བྱེད་ས་68ལག་བསྟར་བྱས་ཏེ།ཁུལ་ཡོངས་ཀྱི་ཤང་དང་གྲོང་རྡལ་24དང་འབྲེལ་བ་ཡོད་པ་རེད།མིག་སྔར།སྡོད་ཁང་2391བཙུགས་ཡོད།བཟོ་ཟིན་པ་དང་མི་སྡོད་ཡོད་པའི་ཁང་བ་2104ཡོད།ལས་འགོ་ཚུགས་པ་དང་བཟོ་ཟིན་མེད་པའི་ཁང་བ་287ཡོད།དེའི་ནང་ཡིག་ཚགས་དང་གྰ་བཟོ་བའི་དབུལ་ཕོངས་དུད་ཚང་གི་སྡོད་ཁང་229གཏོགས་པ།
         ད་ལོའི་ཟླ་2པའི་ཚེས་10ཉིན་བར། རང་ཁུལ་གྱིས་གྲོང་ཁྱེར་དང་གྲོང་རྡལ་དུ་གནས་སྤོ་བའི་མི་གྲངས་5999དང་དུད་ཚང་1486གསར་སྣོན་བྱེད་རྒྱུ།དེའི་ནང་ཡིག་ཚགས་དང་གྰ་བཟོ་བའི་དབུལ་ཕོངས་མི་གྲངས་3643དང་དུད་ཚང་928ཡོད།ཁུལ་ཡོངས་ཀྱིས་བཀོད་སྒྲིག་བྱེད་ས་ཁག་8གསར་སྣོན་བྱེད་རྒྱུ།དེའི་ནང་གྲོང་ཁྱེར་དུ་གནས་སྤོ་བའི་བཀོད་སྒྲིག་བྱེད་ས་ཁག་3དང་གྲོང་རྡལ་དུ་གནས་སྤོའི་བཀོད་སྒྲིག་བྱེད་ས་ཁག་5གསར་སྣོན་བྱེད་རྒྱུ།
         ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་འཇོལ་རྫོང་དང་འབའ་ལུང་རྫོང་གིས་ལས་འགོ་བརྩོམས་ཤིང་བཟོ་སྐྲུན་ཟིན་མེད་པའི་རྣམས་གྲངས་དམ་འཛིན་བྱས་ནས།སྟོབས་ཤུགས་གང་ཡོད་ཀྱིས་དུས་ཐོག་ཏུ་གནས་སྤོ་ཁྱིམ་དུད་དུས་ཐོག་ཏུ་སྡོད་ཁང་གསར་བར་སྤོ་ཐུབ་པར་ཁག་ཐེག་བྱེད་དགོས་པའི་བླང་བྱ་བཏོན།

རྩོམ་སྒྲིག་པ། (པདྨ་མཚོ།)