དབུ་ཤོག >> སྐྱེ་ཁམས་ཡུལ་སྐོར། >> སྐྱེ་ཁམས་སྲུང་སྐྱོང་།
པད་མ་རི་བོ་ནས་ཐོག་མར་ཤྭ་བ་སེར་ཆེན་རྙེད་པ།
རྩོམ་པ་པོ། མི་གསལ། དུས་ཚོད། 2018-04-11 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 430


སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ་4པའི་ཚེས་9ཉིན།ཡུན་ནན་པད་མ་རི་བོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ཀོང་རྩེད་ར་དོ་དམ་ཁང་གིས་སྐོར་སྲུང་ལྟ་ཞིབ་ཚད་ལེན་བྱས་ནས།2017ལོར་བཀོད་པའི་དམར་ཕྱིའི་འོད་ཀྱི་པར་ཆས་ཚུར་བསྡུ་དང་ལེགས་སྒྲིག་བྱས་དུས་ཤྭ་བ་སེར་ཆེན་ཞིག་རྙེད་པ་རེད།

ཤྭ་བ་སེར་ཆེན་ནི་རྒྱལ་ཁབ་Ⅱརིམ་པའི་སྲུང་སྐྱོང་སྲོག་ཆགས་ཡིན།རིག་གཞུང་གི་ཐ་སྙད་Rusaunicolorཡིན།རྨིག་གཉིས་སྡེ་ཚན་དང་ཤྭ་བའི་ཚན་གཉིས་པར་གཏོགས།རྒྱ་མཚོའི་སྔོན་ལས་མཐོ་ཚད་སྨི་2000ནས་3700བར་གནས།གཟུགས་དབྱིབས་ཤ་དམར་དང་ཉེ།ཤྭ་བ་དར་མའི་མཐོ་ཚད་ལི་སྨི་130ཟིན་པ་དང་རིང་ཚད་130ནས་140བར་ཟིན།ལྗིད་ཚད་སྟོང་ཁེ་200ནས་250ཟིན།ཀྲུང་གོ་དང་རྒྱ་གེ།ནེ་པ་ལ་སོགས་ས་ཁུལ་དུ་ཁྱབ་ཡོད་པ་རེད།


རྩོམ་སྒྲིག་པ། (སྒྲོལ་མ་གཡང་མཚོ།)