དབུ་ཤོག >> བོད་ཀྱི་རིག་གནས། >> གསོ་རིག >> བདེ་ཐང་མཛུབ་སྟོན།
འོ་མ་སྐྱུར་ཡོད་མེད་ལ་དབྱེ་བ་འབྱེད་ཐབས།
རྩོམ་པ་པོ། མི་གསལ། དུས་ཚོད། 2018-04-12 རྩོམ་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 82


   གཅིག  ཆུ་དཀར་ཡོལ་གང་གི་ནང་དུ་འོ་མ་ཐིགས་པ་གཅིག་བླུགས་རྗེས།གལ་ཏེ་འོ་མའི་ཐིགས་པ་དེ་མགྱོགས་མྱུར་དུ་ཆུའི་ནང་སིམས་པ་ཡིན་ན་འོ་མ་སྐྱུར་མེད་པའི་རྟགས་ཡིན་པ་དང་།གལ་ཏེ་འོ་མ་དེ་ཆུ་ངོས་སུ་གཡེངས་ནས་བསྡད་ཚེ་འོ་མ་སྐྱུར་ཚར་བའི་རྟགས་ཡིན།


      གཉིས། འོ་མ་ཐིགས་པ་གཅིག་ལག་པའི་སོར་མོས་མནན་ཚེ་དབྱིབས་རིལ་བུ་ལྟ་བུ་ཆགས་ན།འོ་མ་སྐྱུར་ཚར་བའི་རྟགས་ཡིན།


གསུམ། འོ་མ་ཤེལ་དམ་ནང་དུ་བླུགས་ཏེ་ལྟ་དུས་སྙིགས་རོ་ཡོད་ཚེ་འོ་མ་སྐྱུར་ཚར་བའི་རྟགས་དང་།སྙིགས་རོ་མེད་ཚེ་འོ་མ་སྐྱུར་མེད་པའི་རྟགས་ཡིན།


རྩོམ་སྒྲིག་པ། (སྒྲོལ་མ་གཡང་མཚོ།)