དབུ་ཤོག >> སྐབས་དོན་གསར་འགྱུར། >> བོད་ཁུལ་གསར་འགྱུར།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སློབ་གནས་ཨུ་ཡོན་ལྷན་ཁང་གིས་《2017ལོར་འབུམ་རམས་པ་དང་རབ་འབྱམས་པའི་སློབ་གནས་སྤྲོད་དབང་ཡོད་གནས་ཀྱི་མིང་ཐོ་ཞིབ་བཤེར་སྣོན་འགོད་ཀྱི་བརྡ་ཐོ་གསལ་བསྒྲགས་བྱས་པའི་སྐོར》བཀྲམས་པ་ན། བོད་ལྗོངས་སློབ་ཆེན་དུ་རབ་འབྱམས་པའི་སློབ་གནས་སྤྲོད་དབང་ཡོད་གནས་11
རྩོམ་པ་པོ། མི་གསལ། དུས་ཚོད། 2018-04-13 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 2116

       མིག་སྔར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སློབ་གནས་ཨུ་ཡོན་ལྷན་ཁང་གིས་《2017ལོར་འབུམ་རམས་པ་དང་རབ་འབྱམས་པའི་སློབ་གནས་སྤྲོད་དབང་ཡོད་གནས་ཀྱི་མིང་ཐོ་ཞིབ་བཤེར་སྣོན་འགོད་ཀྱི་བརྡ་ཐོ་གསལ་བསྒྲགས་བྱས་པའི་སྐོར》བཀྲམས་པ་ན། བོད་ལྗོངས་སློབ་ཆེན་དུ་རབ་འབྱམས་པའི་སློབ་གནས་སྤྲོད་དབང་ཡོད་གནས་11གསར་དུ་བསྣན་(རབ་འབྱམས་པའི་སློབ་གནས་སྤྲོད་དབང་ཡོད་པའི་རིམ་པ་དང་པོའི་རིག་ཚན་10དང་ཆེད་ལས་སློབ་གནས་སྤྲོད་དབང་ཡོད་པ་1)ཚུད་ཡོད་པ་རེད།
       རབ་འབྱམས་པའི་སློབ་གནས་སྤྲོད་དབང་ཡོད་པའི་རིམ་པ་དང་པོའི་རིག་ཚན་10པོ་ནི་སྤྱི་དོན་དོ་དམ་དང་། ཉེར་སྤྱོད་དཔལ་འབྱོར་རིག་པ། མར་ཁེ་སིའི་རིང་ལུགས་ཀྱི་རིག་པའི་གཞུང་ལུགས། དངོས་ཁམས་རིག་པ། ཁོར་ཡུག་ཚན་རིག་དང་བཟོ་སྐྲུན། ཆ་འཕྲིན་དང་འཕྲིན་གཏོང་བཟོ་སྐྲུན། ས་གཤིས་ཐོན་ཁུངས་དང་ས་གཤིས་བཟོ་སྐྲུན། རྨང་གཞིའི་གསོ་རིག སྨན་སྦྱོར་རིག་པ། སྒྱུ་རྩལ་རིག་པའི་གཞུང་ལུགས་བཅས་ཡིན་པ་དང་། ཆེད་ལས་སློབ་གནས་སྤྲོད་དབང་ཡོད་པའི་རིག་ཚན་1དེ་ནི་རྩིས་པའི་རིག་ཚན་དེ་རེད། དེར་བརྟེན། བོད་ལྗོངས་སློབ་ཆེན་གྱི་རབ་འབྱམས་པའི་སློབ་གནས་སྤྲོད་དབང་ཡོད་པའི་རིམ་པ་དང་པོའི་རིག་ཚན་མང་དུ་འཕར་ནས་18ཡོད་པ་དང་། ཆེད་ལས་སློབ་གནས་སྤྲོད་དབང་ཡོད་པའི་རིགས་སྣ་མང་དུ་འཕར་ནས་5ཡོད་པ། འབུམ་རམས་པ་དང་རབ་འབྱམས་པའི་སློབ་གནས་སྤྲོད་དབང་ཡོད་པའི་སློབ་གླིང་10ཟིན་ནས། སློབ་གནས་དང་ཞིབ་འཇུག་སློབ་མའི་སློབ་གསོའི་མ་ལག་ཁྱོན་ཡོངས་ལ་ཁྱབ་ཡོད་པ་རེད།

རྩོམ་སྒྲིག་པ། (ཚེ་རིང་དོན་གྲུབ།)