དབུ་ཤོག >> སྐབས་དོན་གསར་འགྱུར། >> ས་གནས་གསར་འགྱུར།
སྐབས2པའི་ཉི་ཤར་བྱམས་གླུ་དུས་ཆེན་ཟླ་འདིའི་ཚེས23ཉིན་འགོ་ཚུཌ་རྒྱུ།
རྩོམ་པ་པོ། གཡང་མཚོ། དུས་ཚོད། 2018-04-16 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 673

     བདེ་ཆེན་ཁུལ་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་ནས་ཤེས་རྟོགས་བྱུང་དོན། བདེ་ཆེན་ཁུལ་གྱི་སྐབས་གཉིས་པའི་ཉི་ཤར་བྱམས་གླུ་དུས་ཆེན་དང་དངོས་མིན་རིག་གནས་ཤུལ་བཞག་གི་ཉི་ཤར་བྱམས་གླུ་དར་སྤེལ་དང་རྒྱུན་འཛིན་གྲུབ་འབྲས་འགྲེམ་སྟོན་གྱི་ཕྲེང་བསྟར་བྱེད་སྒོ་དེ་ཟླ་4པའི་ཚེས་23ཉིན་ཉི་ཤར་ཤང་དུ་འགོ་ཚུགས་རྒྱུ་རེད།བྱེད་སྒོའི་སྐབས་སུ།མི་བརྒྱའི་བྱམས་གླུའི་མེ་ཕུང་དགོང་ཚོགས་དང་མི་རིགས་ལག་བཟོ་ཐོན་རྫས་འགྲེམ་སྟོན་སོགས་ཕུན་སུམ་ཚོགས་པོའི་བྱེད་སྒོ་བསྡུ་རྒྱུ་རེད།

 

 

      ལོ་རེ་བཞིན་གྱི་ཟླ་4པར།ཉི་ཤར་ཡུལ་གྱི་ག་ས་གང་དུ་ཁམ་བུའི་མེ་ཏོག་སོགས་མེ་ཏོག་སྣ་ཚོགས་བཞད་པ་དང་།ས་གནས་དེ་གའི་མང་ཚོགས་ཀྱིས་གཟབ་མཆོར་སྤྲས་པ་དང་བྱམས་གླུ་འཁྲབ་སྟེ།ཡུལ་སྐོར་བ་མང་པོའི་ཡིད་དབང་འགུག་བཞིན་ཡོད།

      ཤེས་གསལ་བྱུང་དོན།སྐབས་གཉིས་པའི་ཉི་ཤར་བྱམས་གླུ་དུས་ཆེན་གྱི་སྐབས་སུ་ད་དུང་བོད་ལུགས་རྫ་མའི་འགྲེམ་སྟོན་བྱེད་སྒོ་བསྡུ་རྒྱུ་རེད།རང་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་ངང་འཕེལ་རྒྱས་བྱུང་བ་དང་བསྟུན་ནས།ཉི་ཤར་རྫ་མ་བཟོ་མཁན་གྱིས་སྲོལ་རྒྱུན་གྱི་འཚོ་བའི་སྤྱོད་ཆས་བཟོ་བཞིན་ཡོད་པ་མ་ཟད།ད་དུང་བོད་རིགས་ཀྱི་ཁྱད་ཆོས་ལྡན་པའི་མཛེས་སྤྲས་རྒྱན་ཆའང་བཟོ་བཞིན་ཡོད།ད་ལྟར་ཉི་ཤར་ཤང་གིས་བཟོས་པའི་རྫ་མའི་སྣ་རིགས་200ལྷག་ཡོད་པ་རེད།(སྒྲོལ་མ་གཡང་མཚོས་བསྒྱུར།)

 

རྩོམ་སྒྲིག་པ། (ཚེ་རིང་དོན་འགྲུབ།)