དབུ་ཤོག >> སྐབས་དོན་གསར་འགྱུར། >> རྒྱལ་ཕྱི་ནང་གསར་འགྱུར།
ཞི་ཅིན་ཕིང་གིས་བཀའ་ཁྱབ་སྟེང་མིང་བཀོད་དེ་གསར་དུ་བཟོ་བཅོས་བྱས་པའི་བཅིངས་འགྲོལ་དམག་གི་ཐུན་མོང་སྲོལ་ཡིག་བཀའ་ཁྱབ་འགྲེམ་སྤེལ་བྱས།
རྩོམ་པ་པོ། མི་གསལ། དུས་ཚོད། 2018-04-16 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 8129

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ལམ་བཀའ་ཁྱབ་སྟེང་མིང་བཀོད་དེ། གསར་དུ་བཟོ་བཅོས་བྱས་པའི«ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་ནང་སྲིད་སྲོལ་ཡིག་བཀའ་ཁྱབ»དང«ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་སྒྲིག་ལམ་སྲོལ་ཡིག་བཀའ་ཁྱབ»། «ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་རུ་སྒྲིག་སྲོལ་ཡིག་བཀའ་ཁྱབ»བཅས་ཐུན་མོང་སྲོལ་ཡིག་བཀའ་ཁྱབ་འགྲེམ་སྤེལ་བྱས་ཏེ། 2018ལོའི་ཟླ5བའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་རེད།

གསར་དུ་བཟོ་བཅོས་བྱས་པའི་ཐུན་མོང་སྲོལ་ཡིག་བཀའ་ཁྱབ་ལས་ཞི་ཅིན་ཕིང་གི་དམག་སྐྱེད་དགོངས་པ་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་གིས་མི་དམངས་དམག་དཔུང་ལ་མཐའ་གཅིག་ཏུ་འགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱས་ནས། དམག་ཨུའི་ཀྲུའུ་ཞིའི་འགན་ཁུར་ལམ་ལུགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། གནས་བབ་གསར་བའི་འོག་གི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བྱས་ནས། སྔར་ལས་གཙིགས་འཛིན་བྱེད་དགོས་པ་ལྔའི་འཐབ་ཇུས་མཛུབ་སྟོན་རྒྱུན་འཁྱོངས་བྱེད་པ་དང་། དམག་ཨུས་སྤྱི་ལ་དོ་དམ་བྱེད་པ་དང་འཐབ་ཁུལ་གྱིས་འཐབ་འཁྲུག་གི་གཙོ་འགན་ཁུར་བ། རིགས་མི་གཅིག་པའི་དམག་དཔུང་འཛུགས་སྐྲུན་བྱེད་པ་བཅས་ཀྱི་རྣམ་པ་གསར་བ་དང་མཐུན་པར་བྱས་ཏེ། ཁྱོན་ཡོངས་ནས་དམག་དཔུང་བཅོས་སྐྱོང་ནན་མོ་བྱེད་པའི་རེ་བ་དེ་སྲོལ་ཡིག་བཀའ་ཁྱབ་ཀྱི་ཕྱོགས་སོ་སོའི་ཐད་མཚོན་པར་བྱས་ནས། དུས་རབས་རང་བཞིན་དང་ཚན་རིག་རང་བཞིན། གནད་འཁེལ་རང་བཞིན། བཀོལ་སྤྱོད་རང་བཞིན་བཅས་ཇེ་ཆེར་གཏོང་བ་ནི་དུས་རབས་གསར་བའི་དམག་དཔུང་ཚད་ལྡན་ཅན་འཛུགས་སྐྲུན་གྱི་གཞི་རྩའི་ཁྲིམས་སྲོལ་དང་དམག་མི་ཡོངས་ཀྱིས་བརྩི་སྲུང་བྱེད་དགོས་པའི་བྱ་སྤྱོད་ཚད་གཞི་ཡིན། གསར་དུ་བཟོ་བཅོས་བྱས་པའི་ཐུན་མོང་སྲོལ་ཡིག་བཀའ་ཁྱབ་འགྲེམ་སྤེལ་ལག་བསྟར་བྱེད་པ་དེ་ལོ་རྒྱས་ཀྱི་འགོ་ཚུགས་ས་གསར་བ་ནས་བློ་བརྟན་འགྱུར་མེད་སྒོས་ཀྲུང་གོའི་ཁྱད་ཆོས་ཀྱི་དམག་སྐྱེད་བགྲོད་ལམ་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་སྒྱུར་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། ཏང་གི་དུས་རབས་གསར་བའི་དམག་སྐྱེད་དམིགས་འབེན་མངོན་འགྱུར་བྱེད་པ། མི་དམངས་དམག་དཔུང་འཛམ་གླིང་གི་དམག་དཔུང་རྩེ་གྲྭ་རུ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པ་བཅས་ཐད་ལ་དོན་སྙིང་གལ་ཆེན་ལྡན།   །


 

རྩོམ་སྒྲིག་པ། (ཚེ་རིང་དོན་འགྲུབ།)