དབུ་ཤོག >> མི་རིགས་ཆོས་ལུགས། >> མི་རིགས་ཀྱི་ད་ཚུལ།
འཇང་རིགས་གཏོ་པའི་རི་མོ།
རྩོམ་པ་པོ། མི་གསལ། དུས་ཚོད། 2018-04-17 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 526

     བོད་རང་ལ་ཐང་གའི་འབྲི་ལུགས་ཡོད་པ་ལྟར།   བདེ་ཆེན་གྱི་འཇང་རིགས་ལ་ཡང་རང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རི་མོ་འབྲི་ལུགས་ཡོད་པ་དང་།   དེ་ལ་མི་རྣམས་ཀྱིས་གཏོ་པའི་རི་མོ་ཞེས་འབོད་སྲོལ་ཆགས་འདུག   གཏོ་པའི་རི་མོའི་ནང་དུ་གཙོ་བོ་གཏོ་པའི་ཆོས་ལུགས་ཀྱི་མི་མ་ཡིན་གྱི་ནང་དོན་འབྲི་བར་བྱེད།   གཙོ་བོ་གསུང་རབ་ཀྱི་མགོ་ཤོག་དང་བར་བཅུག་རི་མོའི་ཚུལ་དུ་བྲིས་པ་མང་།   གཏོ་པའི་རི་མོ་འདི་གཙོ་བོ་སྨྱུག་མས་སྤྱད་ནས་སྐྱ་ཐིག་འཕེན་ཞིང་རྣམ་པ་མཚར་སྡུག་བཀྲ་བ་ཞིག་ཡིན།    གསོམ་པའི་ཡལ་གའི་རྩེ་མོ་དང་པིར་གྱིས་ཚོན་གཏོང་བར་བྱེད།   རས་ཀྱི་ཐོག་ཏུ་བྲིས་པའི་ཧྲེ་ལོ་ལྷ་ཚོགས་རི་མོ་དང་།   དམངས་ཁྲོད་ལྷ་ཚོགས་རི་མོ་ཞེས་པའི་དཔེ་དེབ་གཉིས་ཡོད་པ་མིང་གྲགས་ཆེ་ཞིང་།  གཉིས་ཀའི་རིང་ཚད་ལ་སྨི་བཞི་ལྔ་ཡས་མས་ཡོད།   དེའི་ནང་དུ་མི་མ་ཡིན་གྱི་རི་མོ་བརྒྱ་ཕྲག་འགའ་བྲིས་ཡོད།    ཤིང་ལེབ་ཀྱི་ངོས་སུ་བྲིས་པ་ཡང་ཡོད།   རིང་ཚད་ལ་ལི་སྨི30ནས70ཅན་ཡོད་པ་ཞིག་བཟོས་རྗེས།   དེའི་མཐའ་གཉིས་དང་གོང་འོག་ལ་ནམ་མཁའ་དང་སྤྲིན།   ས་དང་རི་ཆུ་སོགས་འབྲི་ཞིང་།   བར་དུ་རི་མོ་གཞན་པ་འབྲི།    འདི་གཙོ་བོ་ཀླུ་ལ་མཆོད་དུས་བཀོལ་སྤྱོད་བྱེད་པ་ཞིག་ཡིན།    རླུང་མཆོད་ཤིང་ལེབ་རི་མོའི་དཀར་ཆག་ཅེས་པའི་དཔེ་ཆ་ཞིག་གི་ནང་དུ།   ཤོག་ངོས44སྟེང་མི་མ་ཡིན་དང་།  མི་སྣ།   འདབ་ཆགས།   ཞོན་པ་སོགས་རིགས་མི་གཅིག་པ་103བྲིས་ཡོད།   

 

 

 

 

 

རྩོམ་སྒྲིག་པ། (ཚེ་རིང་དོན་འགྲུབ།)