ཆང་ཁང་དང་ KTVསོགས་ཀྱི་མེ་སྐྱོན་ལས་ཐར་ཐབས།
རྩོམ་པ་པོ། མི་གསལ། དུས་ཚོད། 2018-04-28 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 331

       དང་པོ། སེམས་མ་འཚབ་པར་བདེ་འཇགས་བགྲོད་ལམ་འཚོལ་དགོས།

       གཉིས། བསྟུད་མར་ཐར་ལམ་མང་པོ་འཚོལ་དགོས། གལ་ཏེ་ KTVཁང་བརྩེགས་འོག་མར་ཡོད་ན། ཐད་ཀར་སྒེའུ་ཁུང་ནས་མཆོང་དགོས། གལ་ཏེ་ཉིས་ཐོག་སུམ་ཐོག་ཏུ་ཡོད་ཚེ། སྒེའུ་ཁུང་གི་སྟེགས་བུ་བརྒྱུད་ནས་མར་ཤུད་པའམ་སྒེའུ་ཡོལ་མདུད་པ་བརྒྱབ་སྟེ་མར་ཤུད་ནས་རྐང་པ་གཉིས་སྔོན་ལ་སར་ཐོན་དུ་འཇུག་དགོས། གལ་ཏེ་ KTVབརྩེགས་རིམ་མཐོན་པོའམ་ས་འོག་རིམ་པར་ཡོད་ཚེ། གློག་སྐས་སུ་གཏན་ནས་འདུག་མི་རུང་། མྱུར་དུ་བདེ་འཇགས་བགྲོད་ལམ་བརྒྱུད་ནས་ཡུལ་དངོས་ལས་འབྲོ་དགོས།


       གསུམ། གལ་ཏེ་ KTVཡི་བདེ་འཇགས་བགྲོད་ལམ་མེ་ཆེན་པོ་དང་དུ་བས་བཅད་དེ་དུས་ཐོག་ཏུ་སྲོག་སྐྱོབ་སྒྲིག་ཆས་གཞན་པ་རྙེད་མ་ཐུབ་ཚེ། ནང་དུ་ལུས་པའི་མི་གནས་སྐབས་སུ་མེ་བབ་ཅུང་ཞན་པའི་ཕྱོགས་སུ་ཡོལ་ཐབས་བྱས་ནས་སྒེའུ་ཁུང་ཕྱི་རུ་རོགས་སྐྱོབ་ཉེན་བརྡ་རྒྱག་དགོས་པ་དང་། མེ་གསོད་མི་སྣའི་རོགས་སྐྱོབ་ལ་སྒུག་དགོས།


       བཞི། ཐར་ལམ་འཚོལ་སྐབས་དུག་ཕོག་པར་སྔོན་འགོག་བྱེད་དགོས། མྱུར་དུ་གྱོན་གོས་རློན་པས་ཁ་སྣ་འགེབས་དགོས་པ་དང་། གལ་ཏེ་ཆུ་ཁུངས་མ་རྙེད་ཚེ་བཏུང་བྱ་གཞན་པ་སོགས་ཀྱིས་རློན་པར་གཏོང་དགོས། ཐར་ལམ་འཚོལ་བའི་གོ་རིམ་ཁྲོད་དུ། མར་ཅུང་ཟད་སྒུར་བའམ་གོག་ནས་འགྲོ་དགོས་པ་དང་། དུ་བའི་གནོད་འཚེ་ཇེ་ཆུང་དུ་གཏོང་དགོས།

རྩོམ་སྒྲིག་པ། (རིན་ཆེན་ཚེ་རིང་། )