དབུ་ཤོག >> སྐྱེ་ཁམས་ཡུལ་སྐོར། >> གནས་སྐོར་མཛེས་ལྗོངས།
རྨད་དུ་བྱུང་བའི་རྡོ་མཁར་རྫོང་གི་མཛེས་ལྗོངས།
རྩོམ་པ་པོ། ཀྲང་གོ་ཧྭ།པདྨ་མཚོ། དུས་ཚོད། 2018-05-02 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 417

 

        དཔྱིད་དཔལ་བུ་མོའི་འཇམ་མཉེན་ཕྱག་ཟུང་དྲོན་མོ་མི་ཡི་ཡུལ་དུ་ཡུན་གྱིས་བརྐྱངས་པ་ན་མཛེས་སྡུག་ལྷ་ཡི་དཔལ་ལ་འགྲན་པར་ནུས་པའི་རྡོ་མཁར་རྫོང་གི་ཡུལ་གྲུ་ཀུན་ལ་ཡིད་དུ་འོང་བའི་དཔྱིད་དཔལ་གྱི་ཉམས་སྣང་ཁྲ་ལམ་མེར་བཞད་ཅིང་དྲི་ཞིམ་སྣ་བརྒྱ་འཐུལ་བའི་རླུང་བུ་འཇམ་པོ་དལ་གྱིས་ལྡང་སྟེ་སྐྱེ་འགྲོ་ཡོངས་ལ་བདེ་དགེ་ལོངས་སྤྱོད་ཕུན་སུམ་ཚོགས་པ་སྐྱེལ་འོང་།

 

 

      

 

 

    རྡོ་མཁར་རྫོང་གི་ཁུམ་བུའི་མེ་ཏོག་ནི་དངུལ་མདོག་གི་ཕྲ་རྒྱན་བཏབ་པ་དང་འདྲ་བར་གནས་མཆོག་འདིའི་ཕྱི་ནང་བར་གསུམ་དུ་རྣམ་པར་དགོད་ཅིང་དད་ལྡན་སྐྱེ་བོ་མ་ལུས་གནས་འདིའི་པར་བར་བདེ་ཞིང་སྐྱིད་པའི་དཔལ་ལ་རོལ་བཞིན་འཚོ་བ་གསར་བའི་གླུ་སྒྲ་སྙན་མོ་ཁུ་བྱུག་སྔོན་མོའི་མགྲིན་པར་བཏེགས་ནས་གནས་འདིར་ལྷིང་ལྷིང་གྲག་བཞིན་ཡོད།

 

 

 

རྩོམ་སྒྲིག་པ། (པདྨ་མཚོ། )