དབུ་ཤོག >> སྐབས་དོན་གསར་འགྱུར། >> བོད་ཁུལ་གསར་འགྱུར།
རྔ་བ་ཁུལ་གྱིས་རྩོལ་ནུས་ཚོང་རྟགས་ཀྱི་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་བ།
རྩོམ་པ་པོ། མི་གསལ། དུས་ཚོད། 2018-05-10 རྩོམ་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ། ཀློག་གྲངས། 1047


       ད་ལོར་སི་ཁྲོན་ཞིང་ཆེན་ཞིང་ཆེན་ངལ་རྩོལ་གཞུང་ལས་ཁང་གིས་གཞི་རིམ་ལ་རང་ཁུལ་གྱི་རྩོལ་ནུས་ཚོང་རྟགས་ཀྱི་གསོ་སྦྱོང་དང་ཕ་ཡུལ་དུ་ཕྱིར་ལོག་སྟེ་ལས་རིགས་གསར་གཏོད་ཀྱི་གསོ་སྦྱོང་གི་ལས་ཀ་བ6100ལ་ལས་འགན་སྤྲད་པ་དང་།མ་དངུལ་སྒོར་ཁྲི900བཏང་སྟེ་ཞིང་ཆེན་ཡོངས་ཀྱི་སྤྱི་འབོར་གྱི་དྲུག་ཆ་གཅིག་ཟིན་ཡོད།

       རྔ་བ་ཁུལ་གྱིས་གྲོང་གསེབ་དར་རྒྱས་དང་ལས་ཞུགས་སྔོན་ལ་འཇོག་པའི་ཐབས་ཇུས་སོགས་དང་ཟུང་འབྲེལ་བྱས་ཏེ།གྲོང་གསེབ་ཀྱི་གློག་རྡུལ་ཚོང་དོན་དང་ཡུལ་ཚོའི་ལག་ཤེས་པ། རིག་གནས་ལྡན་པའི་མི་འཇོན་ཐང་ཅན།དངོས་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་སོགས་རྩོལ་ནུས་ཚོང་རྟགས་དང་ཕ་ཡུལ་དུ་ཕྱིར་ལོག་སྟེ་ལས་རིགས་གསར་གཏོད་ཀྱི་གསོ་སྦྱོང་གི་ཁོངས་སུ་ཆུད་པ་དང་།རྫོང་ཁག་སོ་སོའི་དུད་ཁྱིམ་གྱི་གནས་ཚུལ་ངོ་མ་ཁོང་དུ་ཆུད་དེ་འབྲིང་རིམ་གསོ་སྦྱོང་སྐབས་མ་མཐའ་ཡང་བརྒྱ་ཆ50ཡན་གྱི་ཡིག་ཚགས་བཀོད་ཅིང་བྱང་བུ་བཟོས་པའི་དབུལ་ཕོངས་དུད་ཁྱིམ་ཞུགས་དགོས་པ་དང་།2020ལོར་ཁུལ་ཡོངས་ཀྱི་ལས་གནས་སུ་ཞུགས་མེད་པའི་དབུལ་ཕོངས་ངལ་རྩོལ་བའི་མ་མཐའ་ཡང་ཐེངས་གཅིག་གི་རིན་མི་དགོས་པའི་རྩལ་ནུས་གསོ་སྦྱོང་བྱ་དགོས།“མི་གཅིག་ལས་ཞུགས་དང་དུད་ཁྱིམ་ཡོངས་དབུལ་ཕོངས་ལས་བྲལ་བའི”ལས་ཀའི་དམིགས་ཚད་མངོན་འགྱུར་ཡོང་ཐུབ།


       ཁྱད་ཆོས་མངོན་པ་དང་མུ་མཐུད་དུ་རྫོང་ཁག་གཅིག་ལ་ཐོན་རྫས་གཅིག་གི་རྩོལ་ནུས་ཚོང་རྟགས་བཟོ་བ་དང་།གསོ་སྦྱོང་སྡེ་ཁག་དང་ཀུང་སི། དུད་ཁྱིམ་སྦྲེལ་བའི་གསོ་སྦྱོང་རྣམ་པ་ལག་བསྟར་བྱས་ཏེ། དམིགས་བཀར་གསོ་སྦྱོང་གི་ལས་གནས་སུ་ཞུགས་ཚད་བརྒྱ་ཆ80ཡན་ཟིན་ཐུབ་པར་བརྩོན་ལེན་བྱ་དགོས།ཡུལ་བབས་དང་བསྟུན་པའི་སློབ་སྟོན་བྱས་ཏེ་མུ་མཐུད་དུ་གསོ་སྦྱོང་གི་དངོས་ཕན་རང་བཞིན་ཇེ་ཆེར་གཏང་བ་དང་།ཆའང་རིགས་ཀྱི་འཚེམ་འདྲུབ་དང་ཐང་གའི་རི་མོ་འབྲི་བ། བོད་བཟོས་བརྐོས་རིས། བོད་ཆའང་ཤོག་དྲས།གྲོང་གསེབ་ལྗོངས་སྐོར། ཀྲུང་ལུགས་ཀྱི་གཡོས་སྦྱོར་སོགས་ཁྱད་ལྡན་གྱི་ཆེད་ལས་གསོ་སྦྱོང་བྱེད་སྐབས།གསོ་སྦྱོང་ལས་ཁུངས་ཀྱིས་ཁུལ་ཞིང་ལས་ངལ་རྩོལ་གཞུང་ལས་ཁང་ལ《ཆའང་རིགས་ཀྱི་འཚེམ་འདྲུབ།》དང《ཐང་གའི་རི་མོ་འབྲུ་བ།》《བོད་བཟོས་བརྐོས་རིས།》《བོད་ཆའང་ཤོག་དྲས།》《བོད་དང་ཆའང་།ཧུའེ་རིགས་ཀྱི་ལུགས་སྲོལ།》《རྔ་བ་ཁུལ་ཁྱད་ལྡན་གྱི་ཟས་རིགས།》སོགས་ལས་རིགས་རྩལ་ནུས་ཀྱི་གསོ་སྦྱོང་གི་སློབ་དེབ་ངེས་པར་དུ་ཉོ་དགོས་པ་དང་།ས་གནས་ཀྱི་ཁྱད་ཆོས་མངོན་པའི་གསོ་སྦྱོང་དང་ས་གནས་ཀྱི་དངོས་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་གྱི་ལས་རིགས་རྩལ་ནུས་གསོ་སྦྱོང་ལ་སྐུལ་འདེད་བཏང་བ་དང་།ད་ལོའི་གསོ་སྦྱོང་ཆེད་ལས9ལ་དམིགས་ཏེ། ཚུལ་དང་མཐུན་པའི་གསོ་སྦྱོང་གི་ནང་དོན་དང་རིགས་པའི་གཞུང་ལུགས་དང་ལག་ལེན་སློབ་ཁྲིད་ཀྱི་དུས་ཚོད་ཀྱི་བསྡུར་ཚད།གསོ་སྦྱོང་གི་རྣམ་པ་བཀོད་སྒྲིག་བྱ་དགོས་པ་དང་། “ལས་ཞུགས་ཀྱིས་གསོ་སྦྱོང་སྣེ་ཁྲིད་དང་གསོ་སྦྱོང་གིས་ལས་ཞུགས་སྐུལ་འདེད”ཀྱི་དམིགས་ཚད་མངོན་འགྱུར་ཡོང་བར་བརྩོན་ལེན་བྱ་དགོས།།


རྩོམ་སྒྲིག་པ། (ཚེ་རིང་སྒྲོལ་མ།)