དབུ་ཤོག >> སྐབས་དོན་གསར་འགྱུར། >> ས་གནས་གསར་འགྱུར།
ཞིན་ཨན་ནས་སེམས་ཀྱི་ཉི་ཟླ་དང་དེ་ནས་ཞི་ཧྲོང་པན་ན་བར་གྱི་མཁའ་ལམ་ཤར་གཏོང་བྱས།
རྩོམ་པ་པོ། མི་གསལ། ཡིག་བསྒྱུར། པད་མ་མཚོ། དུས་ཚོད། 2018-05-11 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 964

  སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ5པའི་ཚེས9ཉིན་གྱི་སྔ་དྲོར། ཞིན་ཨན་ནས་སེམས་ཀྱི་ཉི་ཟླ་དང་དེ་ནས་ཞི་ཧྲོང་པན་ན་བར་གྱི་མཁའ་ལམ་གསར་པ་ཤར་གཏོང་བྱས་པ་རེད།


       རྒྱུས་ལོན་བྱུང་བ་ལྟར་ན། ཕྱོགས་སོ་སོའི་ཐུན་མོང་གི་འབད་བརྩོན་འོག སི་ཁྲོན་མཁའ་འགྲུལ་ཀུང་སིས་ཞིན་ཨན་ནས་སེམས་ཀྱི་ཉི་ཟླ་དང་དེ་ནས་ཞི་ཧྲོང་པན་ན་བར་གྱི་མཁའ་ལམ་གསར་པ་ཤར་གཏོང་བྱས་ཤིང་། གཟའ་རེར་གནམ་གྲུའི་ལན་གྲངས་ཐེངས་4སྟེ་གཟའ་ཟླ་བ་དང་གཟའ་ལྷག་པ། གཟའ་པ་སངས། གཟའ་ཉི་མ་བཅས་ལ་བཀོད་སྒྲིག་བྱས་ཡོད། འཕུར་བའི་དུས་ཚོད་ནི་ཞིན་ཨན་ནས་སེམས་ཀྱི་ཉི་ཟླ་བར་གྱི་གནམ་གྲུའི་ལན་གྲངས་3u8611ནི་སྔ་དྲོའི་དུས་ཚོད་7:20ཐོག་འཕུར་བ་དང་དུས་ཚོད་9:20ཐོག་ཐོན་པ་རེད། སེམས་ཀྱི་ཉི་ཟླ་ནས་ཞི་ཧྲོང་པན་ན་བར་གྱི་གནམ་གྲུའི་ལན་གྲངས་3u8611ནི་སྔ་དྲོའི་དུས་ཚོད་10:05ཐོག་འཕུར་བ་དང་དུས་ཚོད་11:10ཐོག་ཐོན་པ་རེད། ཞི་ཧྲོང་པན་ན་ནས་སེམས་ཀྱི་ཉི་ཟླ་བར་གྱི་གནམ་གྲུའི་ལན་གྲངས་3u8611ནི་སྔ་དྲོའི་དུས་ཚོད་11:55ཐོག་འཕུར་བ་དང་དུས་ཚོད་13:05ཐོག་ཐོན་པ་རེད། སེམས་ཀྱི་ཉི་ཟླ་ནས་ཞིན་ཨན་བར་གྱི་གནམ་གྲུའི་ལན་གྲངས་3u8611ནི་ཕྱི་དྲོའི་དུས་ཚོད་13:50ཐོག་འཕུར་བ་དང་དུས་ཚོད་15:45ཐོག་ཐོན་པ་རེད།

       མིག་སྔར། སེམས་ཀྱི་ཉི་ཟླའི་གནམ་གྲུ་ཐང་དུ་མཁའ་ལམ་8འབྱེད་ཡོད་པ་དང་། ཁུན་མིང་དང་ཁྲིན་ཏུའུ། ཁྲུང་ཆིན། ལྷ་ས་སོགས་སུ་ཐད་འཕུར་བྱེད་ཆོགད་ལོར། སེམས་ཀྱི་ཉི་ཟླ་གནམ་གྲུ་ཐང་གིས་ཟླ་6པར་བདེ་ཆེན་ནས་ཁྲང་ཧྲ་བར་གྱི་མཁའ་ལམ་སླར་གསོ་བྱེད་རྒྱུ་དང་། ཟླ7པར་ཁུན་མིང་ནས་སེམས་ཀྱི་ཉི་ཟླ་དང་། དེ་ནས་ཡུས་ཧྲུའུ་བར་གྱི་མཁའ་ལམ་འབྱེད་ནས། སྔར་ལས་ལྷག་པའི་ངང་སེམས་ཀྱི་ཉི་ཟླའི་མཁའ་ལམ་དྲ་རྒྱ་ཇེ་རྒྱས་སུ་བཏང་སྟེ། ས་གནས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད།


རྩོམ་སྒྲིག་པ། (ཚེ་རིང་སྒྲོལ་མ།)