དབུ་ཤོག >> སྐབས་དོན་གསར་འགྱུར། >> ས་གནས་གསར་འགྱུར།
ཀྲུང་དབྱང་དང་ཞིང་ཆེན་གྱི་འགོ་ཁྲིད་བདེ་ཆེན་དུ་བརྟག་དཔྱད་ཕེབས།
རྩོམ་པ་པོ། མི་གསལ། ཡིག་བསྒྱུར། ཚེ་སྒྲོལ། དུས་ཚོད། 2018-05-14 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 858

   སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།  ཟླ5པའི་ཚེས་9ཉིན་ནས་ཚེས་10ཉིན་གྱི་བར། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་ཏང་ཙུའུ་ཡི་ཁོངས་མི། ཅུས་ཀྲང་གཞོན་པ་ཀྲའོ་ཡུང་གིས་བརྟག་དཔྱད་ཚོ་ཆུང་ཁྲིད་དེ་བདེ་ཆེན་ཁུལ་དུ་ན་ཆུང་ལུས་རྩལ་སློབ་གྲྭ་དང་སེམས་ཀྱི་ཉི་ཟླ་གྲོང་ཁུལ་གྱི་ལུས་སྦྱོང་འགྲོ་ལམ་དང་ལུས་སྦྱོང་ཐང་ཆེན།  གངས་འཁྱག་སྦྱོང་བརྡར་རྟེན་གཞི།   ཆུ་རྐྱལ་ཁང་སོགས་ལ་བརྟག་དཔྱད་བྱས།  


       ཀྲའོ་ཡུང་གིས་བསྟན་དོན།  ལུས་རྩལ་ལས་དོན་དར་འཕེལ་བྱེད་ན་འབངས་མིའི་རེ་འདོད་ལ་རྒྱུས་ལོན་གང་ལེགས་བྱེད་དགོས་པ་དང་།  མང་ཚོགས་ཀྱི་རེ་འབོད་གང་མང་ཉན་ནས།  བྱེད་ནུས་སྣ་མང་གི་དམངས་ཡོངས་ལུས་སྦྱོང་ལམ་བུ་དར་འཕེལ་བྱེད་དགོས།   གངས་འཁྱག་སྦྱོང་བརྡར་རྟེན་གཞིའི་འཛུགས་སྐྲུན་རྣམ་གྲངས་དེ་རྒྱལ་ཁབ་ཀྱི་མཐོ་སྒང་སྦྱོང་བརྡར་རྟེན་གཞི་སོགས་ཀྱི་རྣམ་གྲངས་དང་ཟུང་འབྲེལ་བྱས་ནས།  བདེ་ཆེན་གྱི་གངས་འཁྱག་སྦྱོང་བརྡར་རྟེན་གཞི་དེ་རྒྱལ་ཁབ་ཀྱི་མཐོ་སྒང་ལུས་རྩལ་གྱི་དགུན་དུས་སྦྱོང་བརྡར་ལྟེ་གནས་དང་།གངས་འཁྱག་ཡུལ་སྐོར་གྱི་5Aརིམ་པའི་ལྗོངས་ཁུལ།  གངས་འཁྱག་གྲོང་ཆུང་སོགས་སུ་བཞེངས་སྐྲུན་བྱེད་དགོས།  ལུས་རྩལ+རིག་གནས+ཡུལ་སྐོར་གྱི་དཔེ་དབྱིབས་སྐྲུན་ཏེ།  འགྲན་བསྡུར་གཉེར་སྐྱོང་དང་སྨྱན་སྦྱོར་ཁྱབ་སྤེལ།  ཚོང་དོན་གསར་སྤེལ་སོགས་གཞི་གཅིག་ཏུ་བསྡུས་པའི་ཐོན་ལས་སྐྱེ་ཁམས་སྦྲེལ་ལམ་བཞེངས་སྐྲུན་བྱས་ནས།  ལུས་རྩལ་ཐོན་རྫས་དང་ཞབས་ཞུའི་མཁོ་སྤྲོད་ཤུགས་ཆེར་གཏོང་བ་དང་།  དམངས་ཡོངས་ལུས་སྦྱོང་སྐུལ་སྤེལ་གཏོང་བ།   མི་དམངས་ཀྱི་གཟུགས་གཞི་བདེ་ཐང་དུ་གཏོང་བ་དང་དཔལ་འབྱོར་གྱི་འཕར་གཞི་གསར་པ་འདེབས་གསོ་བྱེད་དེ།  བདེ་ཆེན་གྱི་དཔལ་འབྱོར་དང་ཁུལ་ཡོངས་ཡུལ་སྐོར་དར་འཕེལ་སྐུལ་སྤེལ་གཏོང་དགོས།


       ཟླ་5པའི་ཚེས་10ཉིན་ནས་ཚེས་11ཉིན་བར།   ཡུན་ནན་ཞིང་ཆེན་སྲིད་གཞུང་གི་འགོ་འཛིན་གཞོན་པ་ཧོ་ལིའང་ཧུའེ་ཡིས་བརྟག་དཔྱད་ཚོ་ཆུང་ཁྲིད་དེ་རང་ཁུལ་གྱི་རྒྱལ་ལམ་214ལམ་ཐིག་གི་པད་མ་རི་བོའི་ལམ་མཚམས་ཀྱི་འཇོལ་རྫོང་ཡུན་ལིན་ཤང་གི་རི་བོ་དང་།   འཇོལ་རྫོང་ཡན་མིན་ཤང་ཆོས་དྲུག་གྲོང་སྡེ།   སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་རྡོ་མཁར་རྫོང་སོགས་ལ་བརྟག་དཔྱད་ཕེབས།  ཧོ་ལིའང་ཧུའེ་ཡིས་ནན་བཤད་བྱས་དོན།   མཐོ་སྒང་དུ་དབྱང་རླུང་དཀོན་ཡང་སྙིང་སྟོབས་མི་ཉམས་ཞེས་པའི་སྙིང་སྟོབས་གང་ལེགས་འདོན་པ་དང་དཀའ་ངལ་ཁྱད་གསད་བྱས་ནས་རྒྱལ་ལམ་214ལམ་ཐིག་གི་པད་མ་རི་བོའི་ལམ་མཚམས་ཀྱི་འགྲིམ་འགྲུལ་བདེ་བླག་དང་བདེ་འཇགས་ཡིན་པ་ཁག་ཐེག་བྱེད་དགོས་པ་དང་།  མང་གྲོས་ཐབས་བསྡུ་བྱས་ནས་འཇོལ་ནས་ཀུང་ཧྲན་བར་གྱི་གཞུང་ལམ་འཛུགས་སྐྲུན་ཁྲོད་ཀྱི་གནད་དོན་ཐག་གཅོད་བྱེད་དགོས།  དུས་ཚོད་དམ་འཛིན་བྱེད་དེ་ནུའུ་ཅང་ལ་རོགས་རམ་བྱས་ནས་འབྲེལ་ཡོད་ཞིབ་བཤེར་ཆོག་མཆན་འགོད་པའི་འགྲོ་ལུགས་འགྲིམ་དགོས་པ་དང་།  མགྱོགས་གང་ཐུབ་ཀྱིས་ཕུག་ལམ་ཨར་ལས་ཇུས་གཞི་གཏན་འཁེལ་བྱེད་དགོས།  ཧུར་ཐག་གིས་གོང་ལ་ཞུ་ནས་མ་དངུལ་རོགས་སྐྱོར་བརྩོན་ལེན་བྱེད་དགོས་པ་དང་།   སྤུས་ཚད་དང་གྲངས་འབོར་གཉིས་ཀ་འགན་ལེན་བྱེད་པའི་གནས་ཚུལ་འོག  མགྱོགས་གང་ཐུབ་ཀྱིས་ལས་འགོ་འཛུགས་དགོས།


རྩོམ་སྒྲིག་པ། (ཚེ་རིང་སྒྲོལ་མ།)