དབུ་ཤོག >> སྐབས་དོན་གསར་འགྱུར། >> ས་གནས་གསར་འགྱུར།
མི་600ལྷག་སྐབས་གཉིས་པའི་སེམས་ཀྱི་ཉི་ཟླ་སྐྱེ་ཁམས་ལུས་རྩལ་སྤྱི་གླིང་རྐང་ཐང་འགྲན་བསྡུར་དུ་ཞུགས།
རྩོམ་པ་པོ། མི་གསལ། ཡིག་བསྒྱུར། པད་མ་མཚོ། དུས་ཚོད། 2018-05-14 རྩོམ་ཁུངས། སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ། ཀློག་གྲངས། 944

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ5པའི་ཚེས11ཉིན།སྐབས་གཉིས་པའི་སེམས་ཀྱི་ཉི་ཟླ་སྐྱེ་ཁམས་ལུས་རྩལ་རྐང་ཐང་འགྲན་བསྡུར་དེ་སེམས་ཀྱི་ཉི་ཟླ་མི་རིགས་ལུས་རྩལ་ཐང་ཆེན་ནས་བསྡུས་པ་དང་།སེམས་ཀྱི་ཉི་ཟླ་གྲོང་ཁུལ་ནས་ཡོང་བའི་ཚོ་ཆུང་150ཡི་བདམས་ཐོན་པས་ཐེངས་འདིའི་འགྲན་བསྡུར་དུ་ཞུགས་པ་རེད།




    ཐེངས་འདིའི་འགྲན་བསྡུར་གྱི་བརྗོད་གཞི་ནི་ང་རང་ཉི་འོད་ལ་དགའ་བ་དང་།ངའི་སེམས་ཏང་ལ་གཏོད་པ།ང་རང་བདེ་ཐང་ལ་བརྩོན་པ་ཞེས་པ་དེ་ཡིན།མི4ཡིས་ཚོ་ཆུང་རེར་གྲུབ་ལ། ལམ་ཚད་ཧྲིལ་པོར་སྤྱི་ལེ་18ཡོད་པ་རེད།




        རྐང་ཐང་འགྲན་བསྡུར་འདི་གཞོན་ནུ་ཚོ་ཆུང་དང་དར་མའི་ཚོ་ཆུང་།རྒན་པའི་ཚོ་ཆུང་བཅས་ཚོ་ཆུང་གསུམ་དུ་བགོས་ནས་འགྲན་བསྡུར་བྱས་པ་བརྒྱུད།མཐར་བདེ་ཆེན་ཁུལ་ན་ཆུང་ལུས་རྩལ་སློབ་གྲྭའི་ཚོ་ཆུང་གིས་དུས་ཚོད1དང་སྐར་མ་53ཡི་སྐར་འབྲས་བཟང་པོས་གཞོན་ནུའི་ཚོ་ཆུང་གི་ཨང་དང་པོའི་བྱ་དགའ་བླངས་པ་དང་།མྱི་ཟུར་སྤོར་གྲོགས་སྤྲོ་སྐྱིད་ཁང་གིས་དར་མའི་ཚོ་ཆུང་གི་ཨང་དང་པོའི་བྱ་དགའ་བླངས་པ།ནོར་གནག་མགྱོགས་པོར་བྲོས་ཞེས་པའི་ཚོ་ཆུང་གིས་རྒན་པའི་ཚོ་ཆུང་གི་ཨང་དང་པོའི་བྱ་དགའ་བླངས་པ་རེད།





        ཐེངས་འདིའི་བྱ་འགུལ་ནི་ལས་ཁུངས་ཀྱི་དམངས་ཡོངས་ལུས་སྦྱོང་ལ་སྐུལ་འདེད་བཏང་ནས།སྤྱི་ཚོགས་ཀྱི་ལས་རིགས་ཁག་ཀྱི་གཟུགས་གཞི་ཇེ་ཐང་དང་།རྒྱ་ཆེ་བའི་ལས་བྱེད་མི་སྣ་དང་ཏང་ཡོན།གུང་གཞོན་ཚོགས་མི།གཞོན་ནུ་དང་བུད་མེད་སོགས་ཕྱི་རོལ་ཡུལ་དུ་སྐྱོད་ནས་རང་བྱུང་ཁམས་དང་ཉེ་བཅར་དང་།བདེ་ཐང་གི་ཁང་ཕྱིའི་ལུས་རྩལ་དུ་ཞུགས་ཏེ་སྐུ་གཟུགས་ཐང་པོས་བདེ་ཐང་གི་བདེ་ཆེན་དང་འཆམ་མཐུན་གྱི་བདེ་ཆེན།མཛེས་སྡུག་གི་བདེ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་བྱས་པ་རེད།


རྩོམ་སྒྲིག་པ། (ཚེ་རིང་སྒྲོལ་མ།)