དབུ་ཤོག >> སྐྱེ་ཁམས་ཡུལ་སྐོར། >> སྐྱེ་ཁམས་སྲུང་སྐྱོང་།
ཨ་མྱེས་རྨ་ཆེན་གངས་རྒྱབ་ནས་གསའ་ཡིས་ཟ་མ་ཟ་སྐབས་བརྙན་ཕབ་བྱས་པ།
རྩོམ་པ་པོ། མི་གསལ། དུས་ཚོད། 2018-05-14 རྩོམ་ཁུངས། མི་དམངས་དྲ་བ། ཀློག་གྲངས། 82


       ཟླ་5ཚེས་1ཉིན། མཚོ་སྔོན་ཞིང་ཆེན་ཁོར་ཡུག་སྲུང་སྐྱོང་ཚོགས་པ་འབྲོག་སའི་རྩྭ་རང་བྱུང་སྲུང་སྐྱོང་ལྟེ་གནས་ཀྱི་དྲུང་ཡིག་ཆེ་མོ་བ་ངག་དབང་གིས་ཟི་ལིང་ནས།སྨུག་ཕྱིའི་པར་ཆས་ཀྱིས་ཨ་མྱེས་རྨ་ཆེན་གངས་རྒྱབ་ནས་གསའ་ཡིས་ཟ་མ་ཟ་སྐབས་ཐོག་མར་བརྙན་ཕབ་བྱས་ཡོད་པ་བསྟན།

       ཨ་མྱེས་རྨ་ཆེན་གངས་རྒྱབ་ནི་གཙང་གསུམ་ཆུ་འགོའི་ལྟེ་བའི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་གི་ནུབ་བྱང་དུ་ཆགས་ཡོད་པ་དང་།གངས་རི་གཙོ་བོ་སྟེ་རྨ་ཆེན་གངས་རི་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་6282ཡོད་ཅིང་། རྨ་ཆུའི་ཆུ་འགོའི་འཁྱག་རོམ་ཆེ་ཤོས་དེ་ཡིན་ལ།བོད་ཁུལ་གྱི་བླ་རི་དགུ་ཡི་ཡ་གྱལ་གཅིག་ཀྱང་ཡིན་པ་རེད། ས་ཆ་འདི་ནི་མཐོ་སྒང་གི་སྲོག་ཆགས་རྩ་ཆེན་མང་པོ་འཚོ་གནས་བྱེད་ས་ཡིན་པ་རེད།

       ངག་དབང་གིས།འབྲོག་པ་དོན་ཁོལ་གྱིས་རང་ཁྱིམ་གྱི་ལོ་གཅིག་ཟིན་པའི་སྒོ་ཟོག་གསའ་ཡིས་བཟུང་རྗེས་སུ། རང་འགུལ་ངང་འབྲོག་པ་ལྟ་ཞིབ་མི་སྣར་བརྡ་བཏང་ནས་སྨུག་ཕྱིའི་པར་ཆས་སྒོ་ཟོག་གི་ཉེ་འཁོར་དུ་སྒྲིག་བཀོད་བྱས་པ་དང་།དེ་ནས་གསའ་ཡིས་ཟ་མ་ཟ་བའི་གོ་རིམ་ཡོངས་བརྙན་པར་བླངས་པ་རེད་ཅེས་ངོ་སྤྲོད་བྱས་པ་རེད།  

རྩོམ་སྒྲིག་པ། (ཚེ་རིང་སྒྲོལ་མ།)