དབུ་ཤོག >> སྐབས་དོན་གསར་འགྱུར། >> ས་གནས་གསར་འགྱུར།
བདེ་ཆེན་དུ་རྒྱལ་སྤྱིའི་དངོས་མང་བཤམས་སྟོན་ཁང་གི་ཉིན་མོར་བྱེད་སྒོ་སྣ་ཚོཊ་སྤེལ།
རྩོམ་པ་པོ། མི་གསལ། ཡིག་བསྒྱུར། རིན་ཆེན་ཚེ་རིང་། དུས་ཚོད། 2018-05-21 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 864

     ཟླ་5བའི་ཚེས་18ཉིན་ནི་རྒྱལ་སྤྱིའི་དངོས་མང་བཤམས་སྟོན་ཁང་གི་ཉིན་མོ་ཡིན་ལ།ཉིན་དེར་བདེ་ཆེན་ཁུལ་དངོས་མང་བཤམས་སྟོན་ཁང་གིས་རྩ་འཛུགས་བྱས་ནས་འབྲེལ་ཡོད་ཀྱི་བྱེད་སྒོ་སྣ་ཚོགས་གཟབ་རྒྱས་ཀྱིས་སྤེ

       ཚེས་18ཉིན་གྱི་སྔ་དྲོར།བདེ་ཆེན་ཁུལ་དངོས་མང་བཤམ་སྟོན་ཁང་ནས་བགྲོ་གླེང་ཚོགས་འདུ་འཚོགས་ཤིང་། བགྲོ་གླེང་ཚོགས་འདུར་མཚོ་སྔོན་ཡུལ་ཤུལ་ཁུལ་བོད་ཀྱི་ཡིག་གཟུགས་མཐུན་ཚོགས་དང་སེམས་ཀྱི་ཉི་ཟླ་རིག་གནས་དངོས་མང་བཤམས་སྟོན་ཁང་།སེམས་ཀྱི་ཉི་ཟླ་ཇ་རྟའི་གནའ་ལམ་དངོས་མང་བཤམས་སྟོན་ཁང་སོགས་ཀྱི་འགོ་བ་ཡོང་ཡོད་པ་མ་ཟད།འགོ་བ་རྣམས་ཀྱིས་གཏམ་བཤད་གལ་ཆེན་གནང་།དུས་མཚུངས་སུ་རིག་རྫས་ཞལ་འདེབས་ཕུལ་བའི་བྱེད་སྒོ་སྤེལ་བ་རེད།

       ཉིན་དེའི་ཕྱི་དྲོར།  དངོས་མང་བཤམས་སྟོན་ཁང་གི་འགན་འཛིན་པ་དང་ཆེད་མཁས་པ་རྣམས་ཇ་རྟའི་གནའ་ལམ་མི་རིགས་རིག་གནས་དངོས་མང་བཤམས་སྟོན་ཁང་དང་ཁ་དྲོ་བོད་གྲི་རིག་གནས་དངོས་མང་བཤམས་སྟོན་ཁང་།སེམས་ཀྱི་ཉི་ཟླའི་རྟའི་རིག་གནས་དངོས་མང་བཤམ་སྟོན་ཁང་སོགས་ལ་ལྟ་སྐོར་དང་སློབ་སྦྱོང་དུ་སོང་བ་རེད།




       རྒྱལ་སྤྱིའི་དངོས་མང་བཤམས་སྟོན་ཁང་གི་ཉིན་དེར་ད་རུང་མཚོ་སྔོན་ཡུལ་ཤུལ་ནས་ཡོང་བའི་བོད་ཀྱི་ཡིག་གཟུགས་མཁས་པ་རྒན་བཀྲ་དགའ་ལགས་གཙོ་བྱས་བའི་ཡིག་གཟུགས་བརྩམས་ཆོས་འགྲེམ་སྟོན་བྱས་ཤིང་།བརྩམས་ཆོས་ཀྱི་ནང་དོན་ལ་གླིང་གི་དཔའ་རྟུལ་སུམ་ཅུའི་བསྟོད་པ་དང་ཆུ་ཤིང་བསྟན་བཅོས་ཡོད་ལ།ལྷག་པར་དུ་ཆུ་ཤིང་བསྟན་བཅོས་ཀྱི་ཡིག་གཟུགས་བརྩམས་ཆོས་རིང་ཚད་ལ་རྨིད་180ལྷག་ཡོད་པ་ཞིག་ཐེངས་འདིའི་བྱེད་སྒོའི་སྟེང་འགྲེམ་སྟོན་བྱས་པ་རེད།

       བདེ་ཆེན་ཁུལ་དངོས་མང་བཤམས་སྟོན་ཁང་གིས་རྩ་འཛུགས་བྱས་པའི་བྱེད་སྒོ་རབ་དང་རིམ་པའི་ཁྲོད་བདེ་ཆེན་ཁུལ་གྱི་སྐབས་དང་བོའི་བོད་ཡིག་ཡིག་གཟུགས་གསབ་སྦྱོང་གི་ལས་རིམ་ཞིག་ཡོད་པ་རེད།ཐེངས་འདིའི་གསབ་སྦྱོང་འཛིན་གྲྭ་དེ་སྤྱི་ཟླ་5བའི་ཚེས་19ཉིན་རྡོ་མཁར་རྫོང་ཉིན་7མགྲོན་ཁང་ནས་འགོ་འཛུགས་རྒྱུ་ཡིན་ལ།གསབ་སྦྱོང་དགེ་རྒན་ནི་རྒན་བཀྲ་དགའ་ཡིན་ལ། བསྡོམས་པས་ཉིན་བདུན་ལ་གསབ་སྦྱོང་བྱེད་རྒྱུ་ཡིན་པ་རེད།  འདིའི་སྐོར་ལ་དགའ་མོས་ཡོད་པའི་མི་རྣམས་དུས་ལྟར་ཕེབས་པར་དགའ་བསུ་ཞུ།

       ཨད་ལོའི་རྒྱལ་སྤྱིའི་དངོས་མང་བཤམས་སྟོན་ཁང་གི་ཉིན་མོའི་བརྗོད་བྱ་གཙོ་བོ་ནི་རིམ་བརྒལ་སྦྲེལ་མཐུད་བྱེད་པའི་དངོས་མང་བཤམས་སྟོན་ཁང་སྟེ་ཐབས་ཤེས་གསར་པ་དང་སྤྱི་དམངས་གསར་པ་ཞེས་པ་དེ་ཡིན།



 



རྩོམ་སྒྲིག་པ། (རིན་ཆེན་ཚེ་རིང་། )