དབུ་ཤོག >> སྐབས་དོན་གསར་འགྱུར། >> བོད་ཁུལ་གསར་འགྱུར།
ཀན་ལྷོ་ནས་བདེ་ཆེན་རོང་བཙན་ཁ་བ་དཀར་པོ་དང་འབྲེལ་བ་ཡོད་པའི་ཡིག་རྙིང་རྙེད་པ།
རྩོམ་པ་པོ། པདྨ་མ་ཚེ་རིང་། ཡིག་བསྒྱུར། རིན་ཆེན་ཚེ་རིང་། དུས་ཚོད། 2018-05-22 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 1409

       ཟླ5བའི་ཚེས་22ཉིན་གྱི་སྔ་དྲོར། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཀན་ལྷོ་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་དང་མཐོ་རིམ་གསར་འགོད་པ་བློ་གསལ་སོགས་འབྲུག་ཆུ་རྫོང་བོད་ཡུལ་ཤང་དུ་རྟོག་ཞིབ་བྱེད་པའི་སྐབས་སུ་བོན་གྱི་གནའ་བོའི་ཆོས་དཔེ་དང་ཡིག་རྙིང་སོགས་ཀྱི་ཡིག་ཆ་གལ་ཆེན་མང་བོ་རྙེད་པ་རེད།ཡིག་ཆའི་ནང་ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ནང་ཆགས་པའི་རོང་བཙན་ཁ་བ་དཀར་པོ་ཞེས་བཀོད་ཡོད་དེ།འདིས་ཡུན་ནན་ཞིང་ཆེན་གྱི་བོད་ཀྱི་རིག་གནས་ཞིབ་འཇུག་ལ་རིན་ཐང་ཆེན་པོ་ཡོད་པ་རེད།

      བློ་གསལ་དང་རྟོག་ཞིབ་པ་རྣམས་ཀྱིས་ཡུལ་དངོས་ན་དཔེ་རྙིང་ལ་ལྟ་ཀློག་བྱེད་བཞིན་པ།

      རོང་བཙན་ཁ་བ་དཀར་པོ་ཞེས་བཀོད་ཡོད་པའི་ཆོས་དཔེའི་དཔར་ངོས།


རྩོམ་སྒྲིག་པ། (རིན་ཆེན་ཚེ་རིང་། )