དངུལ་རྩའི་དབུལ་སྐྱོར་གྱི་ཚོད་ལྟའི་ཞིང་སར་ལོ་ལེགས་བྱུང་།
དབུ་ཤོག >> སྐབས་དོན་གསར་འགྱུར། >> བོད་ཁུལ་གསར་འགྱུར།
དངུལ་རྩའི་དབུལ་སྐྱོར་གྱི་ཚོད་ལྟའི་ཞིང་སར་ལོ་ལེགས་བྱུང་།
རྩོམ་པ་པོ། མི་གསལ། དུས་ཚོད། 2018-05-30 རྩོམ་ཁུངས། གངས་ལྗོངས་ཉི་གཞོན། ཀློག་གྲངས། 954

ལིས་རྫོང་གི་དངུལ་རྩའི་དབུལ་སྐྱོར་ལས་ཀའི་སྐོར་གྱི་ཟུར་བྲིས།

        དངུལ་རྩ་ནི་དེང་རབས་དཔལ་འབྱོར་གྱི་ཟུངས་ཁྲག་ཡིན་ལ།དཔལ་འབྱོར་སྒྱུར་བཅོས་དང་དཔལ་འབྱོར་གྱི་རིམ་པ་འཕར་བའི་གལ་ཆེའི་འགན་སྲུང་ཡང་ཡིན། དབུལ་བྲལ་གནད་སྒྲོལ་གྱི་ལམ་དུ།དངུལ་རྩའི་ནུས་པ་ཇི་ལྟར་འདོན་དགོས་ཐད་དབུལ་ཕོངས་ས་ཁུལ་གྱི་འཕེལ་རྒྱས་ལ་འཚམ་པའི་དངུལ་རྩ་འཕེལ་རྒྱས་ཀྱི་ལམ་བུ་ཞིག་འཚོལ་ཞིབ་བྱས།
        ལིས་རྫོང་གིས་དངུལ་རྩའི་ནུས་པ་གང་ལེགས་ཀྱིས་འདོན་སྤེལ་བྱས་པ་དང་།ཐོན་ལས་གོང་འཕེལ་གཏོང་རྒྱུ་དང་ལས་ཞུགས་ཐག་གཅོད་བྱེད་པར་དམིགས་ནས། ཁེ་ལས་ཀྱི་སྣེ་ཁྲིད་ནུས་པ་དང་མང་ཚོགས་ཀྱི་གཙོ་ཤུགས་ནུས་པ་བཏོན་ཞིང་།སྣ་མང་གི་དངུལ་རྩའི་དབུལ་སྐྱོར་བྱེད་ཐབས་འཚོལ་ཞིབ་བྱས་ནས། རྫོང་ཡོངས་ཀྱི་དབུལ་ཕོངས་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་དང་ཕྱུག་འགྱུར་ཐད་སྣེ་ཁྲིད་བྱས།

        2017ལོའི་ལོ་མཇུག་ཏུ། ལིས་རྫོང་གི་རྫོང་ཡོངས་ཀྱི་ཞིང་བ་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར11700ལ་སླེབས་པ་དང་།2014ལོ་ལས་ལྡབ་གཅིག་འཕར་ཡོད།

        དངུལ་རྩའི་དབུལ་སྐྱོར་གྱིས་མང་ཚོགས་ཕྱུག་ལམ་དུ་ཁྲིད།

        ལིས་རྫོང་ནི་རྔ་བ་ཁུལ་གྱི་ཤར་ལྷོའི་ཕྱོགས་སུ་གནས་ཡོད་པ་དང་། མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ4318ཡོད།དེའི་ཁོངས་གཏོགས་སུ་གྲོང་རྡལ5དང་ཡུལ་ཚོ8། གྲོང་སྡོད་ཨུ་ཡོན་ལྷན་ཁང7། སྲིད་འཛིན་གྲོང་སྡེ81ཡོད་པ་དང་མི་ཁྲི4.6ཡོད།རྫོང་འདི་བོད་རིགས་དང་ཆའང་རིགས། རྒྱ་རིགས་སོགས་ཀྱི་མི་རིགས་མང་བོ་འདུས་པའི་ས་ཁུལ་ཞིག་ཡིན།ད་དུང་ས་འགུལ་གྱི་གནོད་སྐྱོན་ཕོག་ཁུལ་དང་ཐག་རིང་ལུང་ཁུག་དབུལ་ཕོངས་ཀྱི་ས་ཁུལ་ཞིག་ཡིན་པས།དབུལ་བྲལ་ལས་འགན་ཐད་དཀའ་ཚེགས་ཆེན་པོ་ཡོད།
        ཁ་དཔེ་ལྟར་བུད་མེད་ལག་རྩལ་མཁས་ན་ཡང་། འབྲུ་མེད་ཟ་མ་བཟོ་མི་ཐུབ།དངུལ་དཀོན་པ་དང་། དངུལ་བུན་གཡར་དཀའ་བ་དང་སྐྱེད་ཀ་མཐོ་བས་རྒྱུ་རྐྱེན་སོགས་ཀྱི་དབང་གིས་དབུལ་ཕོངས་དུད་ཚང་གི་དབུལ་བྲལ་ཕྱུག་འགྱུར་ཐད་ལ་བཀག་འགོག་ཆེན་པོ་ཐེབས།ལིས་རྫོང་གིས་འགན་སྲུང་ལ་ཤུགས་སྣོན་རྒྱག་རྒྱུ་ནི་དངུལ་རྩའི་དབུལ་སྐྱོར་བྱེད་པའི་གལ་ཆེའི་སྔོན་འགྲོར་བཟུང་ནས།ནུས་ཡོད་ཀྱིས་རིམ་པ་དེའི་ནོར་སྲིད་མ་དངུལ་སྒོར་ཁྲི3468སྡེབ་སྒྲིག་བྱས་ཏེ། ཕ་ཡུལ་དུ་ལོག་ནས་ཉེན་འགོག་ཐེབས་རྩའི་ལས་གཏོད་དང་དབུལ་སྐྱོར་གྱི་འབོར་ཉུང་ཡིད་རྟོན་དངུལ་བུན།དབུལ་བྲལ་གནད་སྒྲོལ་གྱི་ཐོན་ལས་འཕེལ་རྒྱས་ཀྱི་ཐེབས་རྩའི་རྣམ་གྲངས་ཤིག་བསྐྲུན་ཞིང་།ཆ་འཕྲིན་མཉམ་སྤྱོད་དང་ཆེད་ལས་ཀུང་སིས་ཁག་ཐེག་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ། ཁྱོན་ཡོངས་ནས་ནོར་སྲིད་མ་དངུལ་ཀྱི་ནུས་པ་དང་དངུལ་རྩའི་ཐོན་ཁུངས་ཀྱི་ནུས་པ་འདོན་སྤེལ་བྱས།
        ཚོང་ར་ཅན་གྱི་དངུལ་རྩའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་བ་དང་དུས་མཚུངས་སུ། ལིས་རྫོང་གིས་མ་དངུལ་མཉམ་བསྡུ་དང་ཉེན་ཁ་མཉམ་འཁུར།ཁ་གསབ་ཡོད་པའི་ལམ་སྲོལ་གོམ་གང་མདུན་སྤོས་སྒོས་འཐུས་ཚང་བཏང་། ཞིང་ཆེན་གྱི་ཞིང་ལས་མ་འཇོག་འགན་ལེན་ཚད་ཡོད་ཀུང་སི་སོགས་ཀྱི་ཁེ་ལས་ནང་འདྲེན་བྱས་ནས་དབུལ་སྐྱོར་རྣམ་གྲངས་ལ་ཁག་ཐེག་བྱས་ཤིང་།དངུལ་རྩའི་མ་དངུལ་བཏང་བར་ཉེན་ཁ་ཇེ་ཆུང་དུ་བཏང་བ་དང་། ཐོན་ལས་རྣམ་གྲངས་ཀྱི་ཚད་གཞི་ཡང་དམའ་རུ་བཏང་།

        དབུལ་བྲལ་གནད་སྒྲོལ་སྔར་ལས་གཏིང་ཟབ་ཏུ་བཏང་བ་དང་། མི་སེར་ལ་ཐོན་ལས་གཏོང་དངུལ་གཏན་འཇགས་ཡོད་པ།མི་སེར་གྱི་རྗེས་མཐུད་ཀྱི་གཏོང་འཇོག་བརྟན་བརླིང་ཡིན་པ་འགན་ལེན་བྱས། སྐྱེད་ཀ་མཐོ་བ་སོགས་ཀྱི་གནད་དོན་ལ་དམིགས་ནས།ཕྱོགས་གཅིག་ནས་ལིས་རྫོང་གིས་འབྲེལ་ཡོད་ཀྱི་སྲིད་ཇུས་ལྟར་དབུལ་སྐྱོར་གནད་འཁེལ་གྱི་དངུལ་བུན་དང་།བུད་མེད་ཀྱི་ལས་གཏོད་དངུལ་བུན། སློབ་ཆེན་སློབ་མའི་ལས་གཏོད་དངུལ་བུན་དང་ལས་ཤོར་མི་སྣ་ལས་ཀ་བསྐྱར་ཞུགས་ཀྱི་དངུལ་བུན་སོགས་ནོར་སྲིད་ཀྱི་སྐྱེད་གསབ་སྤྲད་པ་དང་།དབུལ་ཕོངས་དུད་ཚང་གི་དབུལ་བྲལ་ཕྱུག་འགྱུར་ཐད་ཀྱི་སེམས་ཁྲལ་བསལ། ཕྱོགས་གཞན་ཞིག་ནས་དབུལ་ཕོངས་དུད་ཚང་ཡོད་ཚད་ལ་གྲངས་ཉུང་དངུལ་བུན་བཏང་བ་དང་།ད་དུང་རྫོང་དེའི་གནས་ཚུལ་དངོས་ལ་གཞིས་ནས་དབུལ་སྐྱོར་གནད་སྒྲོལ་གྱི་ཐོན་ལས་འཕེལ་རྒྱས་ཀྱི་ཐེབས་རྩ་བཙུགས།

        ཐོན་ལས་དངུལ་རྩའི་མེ་ཏོག་བཀྲ།

        དབུལ་ཕོངས་དུད་ཚང་གི་དུས་ཐོག་ཏུ་དབུལ་སྐྱོར་དངུལ་བུན་ལེན་ཐུབ་པ་དང་།ལིས་རྫོང་རྫོང་ཨུ་དང་། རྫོང་སྲིད་གཞུང་གིས་ཁོ་ཚོར་རོགས་རམ་བྱས་ནས་དབུལ་བྲལ་ཕྱུག་འགྱུར་གྱི་གོམ་པ་དང་པོ་སྤོས།

        ང་ཚོའི་དབུལ་ཕོངས་དུད་ཚང་གི་རང་སྣང་གི་དངུལ་བུན་སྐྱི་ཐུབ་པ་དང་།ཁོ་ཚོའི་ཐོབ་དཀའ་བའི་དབུལ་སྐྱོར་དངུལ་བུན་བེད་སྤྱོད་ཡག་པོ་བྱ་དགོས་ཞེས་རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པས་དེ་ལྟར་བཤད།ལིས་རྫོང་གིས་དབུལ་སྐྱོར་གནད་འཁེལ་དང་། དབུལ་སྐྱོར་གནད་སྒྲོལ་གྱི་གཞི་རྩའི་ཐབས་ཇུས་ལ་དམིགས་ནས།དངུལ་བུན་ཆ་རྐྱེན་དང་མཐུན་པའི་ཡིག་ཚགས་བཀོད་ཅིང་བྱང་བུ་བཟོས་པའི་དབུལ་ཕོངས་དུད་ཚང་ལ་སྒོར་ཁྲི5མན་ཆོད་མཁོ་སྤྲོད་བྱས་ཤིང་།ལོ3གྱི་དུས་ཡུན་ནང་གཏའ་འཇོག་དང་ཁག་ཐེག་བྱ་མི་དགོས་པ་དང་། སྲིད་གཞུང་གིས་སྐྱེད་ཀ་གསབ་སྤྲོད་ཀྱི་ཡིད་རྟོན་དངུལ་བུན་གནང་ནས།གཙོ་བོར་འཕེལ་རྒྱས་ཀྱི་དགོས་མཁོ་ཡོད་པ་དང་། དངུལ་བུན་འདོད་བློ་ཡོད་པ། དངུལ་འཇལ་གྱི་ནུས་པ་ལྡན་པའི་དབུལ་ཕོངས་དུད་ཚང་ལ་རྒྱབ་སྐྱོར་དང་།འདེབས་འཛུགས་དང་གསོ་སྤེལ། ཡུལ་གྲོང་གི་ལྗོངས་སྐོར་སོགས་ཀྱི་ཐོན་སྐྱེད་གཉེར་སྐྱོང་གི་བྱེད་སྒོ་སྤེལ་ནས།ཁོ་ཚོའི་ཧུར་བརྩོན་རང་བཞིན་ལ་སྐུལ་སློང་བཏང་བ་དང་། དེར་བརྟེན་དབུལ་ཕོངས་དུད་ཚང་དེ་བས་མང་བོར་དབུལ་བྲལ་དང་ཡོང་འཕར་ཐད་སྣེ་ཁྲིད་བྱས།
        ཀམ་ཕུ་ཡུལ་ཚོའི་གཟར་ཀྱོ་གྲོང་སྡེའི་མོ་ཅིན་ཧུང་ཚང་ལ་མཚོན་ན་ནོར་གནག་ཡོད་མོད།ཁྱིམ་ཚང་གི་ཆ་རྐྱེན་ཞན་པའི་རྐྱེན་གྱིས་ཕྱུགས་ར་སྐྲུན་རྒྱུ་དང་ཕྱུག་ཟོག་ཇེ་མང་དུ་གཏོང་རྒྱུའི་ཐད་ལ་བཀག་འགོག་ཆེན་པོ་ཐེབས།དངུལ་རྩའི་དབུལ་སྐྱོར་དངུལ་བུན་སྲིད་ཇུས་ཀྱིས་མོ་ཅིན་ཧུང་གི་ཕྱུག་ཟོག་ཇེ་མང་དུ་གཏོང་བའི་རེ་བ་མངོན་འགྱུར་ཐུབ་བྱུང་།ད་ལྟ་ཁོའི་ཚད་ལྡན་ཅན་གྱི་ཕྱུག་ར་བསྐྲུན་པར་མ་ཟད། ལག་ཡོད་ཕྱུགས་གྲངས6ལ་སླེབས། མོ་ཅིན་ཧུང་གིས་ངོ་སྤྲོད་བྱས་པ་ལྟར་ན།ད་ལོ་ཁོ་ཚང་གི་ཡོང་འབབ་ལ་སྒོར་ཁྲི2ཡོད་རྒྱུ་རེད། སྔོན་ཆད་ལ་མཚོན་ན་སྒོར་ཁྲི2ནི་ལོ་འགའི་རིང་གི་ཡོང་འབབ་རེད།

        ད་ལྟ་ལིས་རྫོང་དུ། མོ་ཅིན་ཧུང་ལྟ་བུའི་དབུལ་ཕོངས་དུད་ཚང་མི་ཉུང་བ་ཞིག་ཡོད་མོད།ཁོ་ཚོའི་གྲངས་འབོར་ཉུང་བའི་དངུལ་རྩའི་དངུལ་བུན་ལ་བརྟེན་ནས་དབུལ་བྲལ་ཐུབ་བྱུང་། རང་མོས་ཀྱི་རྩ་དོན་ལྟར།ལིས་རྫོང་གི་ཁྱོན་དབུལ་སྐྱོར་གྲངས་ཉུང་དངུལ་བུན་སྒོར་ཁྲི5746དང་། དབུལ་སྐྱོར་དངུལ་བུན་སྒོར་ཁྲི17200བཀྲམ།ཡུལ་བབ་དང་བསྟུན་ནས་ཤིང་ཏོག་ལི་སོགས་ཀྱི་ཁྱད་ལྡན་སིལ་ཏོག་བཙུགས་པ་དང་ཁྱིམ་བྱ་གསོ་སྤེལ་ཐད་དུ་བེད་སྤྱོད་བྱས་པས།མང་ཚོགས་མང་བོ་ཞིག་གི་ས་ཐག་ཉེ་ས་དང་རང་ས་ནས་ལས་ཞུགས་ལས་གཏོད་ཐུབ་བྱུང་། པི་ཕེང་ལུང་བའི་མཛེས་ལྗོངས་སོགས་ལ་དངུལ་བུན་སྒོར་དུང་ཕྱུར20.6བཏང་ནས་མཛེས་ཁུལ་གྱི་ཆ་རྐྱེན་ཇེ་བཟང་དུ་བཏང་།མིག་སྔར་རྫོང་ཡོངས་སུ་དམངས་སྲོལ་གྱི་སྣེ་ལེན་ས་ཚིགས742ཡོད་པ་དང་། ལྗོངས་སྐོར་གཉེར་སྐྱོང་གི་ལས་ཞུགས་མི་སྣ20000ལ་སླེབས།2017ལོར་རྫོང་ཡོངས་ཀྱིས་ལྗོངས་རྒྱུ་བ་མི་ཐེངས་ཁྲི507སྣེ་ལེན་བྱས་པ་དང་། ལྗོངས་སྐོར་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར34.7མངོན་འགྱུར་བྱུང་།

        དངུལ་རྩའི་དབུལ་སྐྱོར་གྱི་ལམ་དུ། ལིས་རྫོང་གིས་ཞིང་ལས་ཐོན་རྫས་འཕེལ་རྒྱས་བཏང་བ་དང་།ནུས་ཡོད་ཀྱིས་ཞིང་ཕྱུགས་ལས་ཀྱི་ཐོན་ལས་སྒྲིག་གཞི་ལེགས་སྒྲིག་བྱས་ཤིང་། ཚན་རིག་དང་མཐུན་པའི་ཁྱད་ཆོས་ལྡན་པའི་ཐོན་ལས་ཀྱི་མེ་ཏོག་ཉིན་རེ་ལས་ཉིན་རེར་ཇེ་མཛེས་སུ་གྱུར་ཏོ།།


རྩོམ་སྒྲིག་པ། (ཚེ་རིང་སྒྲོལ་མ།)