རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་བརྟག་དཔྱད་ཚོ་ཆུང་གིས་རང་ཁུལ་དུ་བརྟག་དཔྱད་གནང་།
དབུ་ཤོག >> སྐབས་དོན་གསར་འགྱུར། >> ས་གནས་གསར་འགྱུར།
རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་བརྟག་དཔྱད་ཚོ་ཆུང་གིས་རང་ཁུལ་དུ་བརྟག་དཔྱད་གནང་།
རྩོམ་པ་པོ། མི་གསལ། ཡིག་བསྒྱུར། གཡང་མཚོ། དུས་ཚོད། 2018-05-31 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 3520

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་5པའི་ཚེས་24ཉིན་ནས་ཚེས་26ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་མི་རིགས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པའི་ཨུ་ཡོན་ནའེ་དབྱི་མུའུ་ཡ་སེང་གི་ཙུའུ་ཀྲང་འཛིན་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་བརྟག་དཔྱད་ཚོ་ཆུང་གིས་བདེ་ཆེན་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལས་ཀར་བརྟག་དཔྱད་གནང་བ་རེད།

        ཚེས་25ཉིན། འཇོལ་རྫོང་ཡུན་ལིན་ཤང་གནས་སྤོའི་ཡུལ་དངོས་སུ། ནའེ་དབྱི་མུའུ་ཡ་སེང་གིས་ཞིབ་ཕྲའི་ངང་ཡུལ་མིའི་གནས་སྤོ་སྐབས་སུ་གནས་པའི་གནད་དོན་དང་གནས་སྤོ་རྗེས་ཀྱི་འཚོ་བའི་ད་ཚུལ་ལ་རྒྱུས་ལོན་བྱས་ནས། མང་ཚོགས་ཀྱིས་དཀའ་ངལ་སེལ་བ་དང་བདེ་སྐྱིད་འཚོ་བར་འབོད་དགོས་ཞེས་པའི་སྐུལ་མ་གཏོང་བ།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་འབའ་ལྷག་གྲོང་སྡེར་བརྟག་དཔྱད་གནང་སྐབས། ནའེ་དབྱི་མུའུ་ཡ་སེང་གིས་ཡུལ་མི་ཚོས་རྒྱུན་མཐུད་ཀྱིས་འབད་བརྩོན་བྱས་ནས། དེ་བས་མཛེས་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་དགོས་ཞེས་བསྟན། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་བཅིངས་འགྲོལ་གྲོང་སྡེའི་སྐར་མ་བཀྲ་ཤིས་ཀྱི་ཁྱིམ་དུ། ནའེ་དབྱི་མུའུ་ཡ་སེང་གིས་བོད་ལུགས་ཁང་པ་ཞིག་བཟོ་སྐྲུན་བྱེད་པར་སྤྱོད་དགོས་པའི་གྲོན་དངུལ་དང་ཡུལ་སྐོར་འཕེལ་རྒྱས་གཏོང་རྗེས་ཀྱི་ཁྱིམ་ཚང་གི་ཡོང་འབབ་ལ་འདྲི་རྟོག་བྱས་ཏེ་ཡུལ་མི་ལ་རྒྱུན་མཐུད་ཀྱིས་འབད་བརྩོན་བྱེད་དགོས་པའི་སྐུལ་མ་གཏོང་བ་རེད།

        ཡུལ་དངོས་སུ་བརྟག་དཔྱད་བྱས་རྗེས། བརྟག་དཔྱད་ཚོ་ཆུང་གིས་བཞུགས་མོལ་ཚོགས་འདུ་འཚོགས་པ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་མི་རིགས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པའི་ཨུ་ཡོན། ནང་སོག་རང་སྐྱོང་ལྗོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ་ན་ཧྲུན་མེང་ཧོ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་མི་རིགས་ཨུ་ལྷན་གྱི་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་སློབ་གསོ་དང་ཚན་རྩལ་རིག་གནས་འཕྲོད་བསྟེན་ཨུ་ལྷན་གྱི་གཞུང་ལས་ཁང་གི་ཀྲུའུ་རེན་ཀྲོའུ་རྨིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན། ཞིང་ཆེན་དམངས་ཆེན་མི་རིགས་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་ཧོང་ཀྲེང་ཧུང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཆི་ཅན་ཞིན་དང་རང་ཁུལ་གྱི་འགོ་ཁྲིད་ཡུས་ཧྲེན་ཞང་།                         ཞུས་ཕེང་ཧྲེང་། ཞའོ་ཝུའུ་སོགས་བཞུགས་མོལ་ཚོགས་འདུར་ཞུགས། བཞུགས་མོལ་ཚོགས་འདུ་ནི་ཁུལ་ཨུའི་རྒྱུན་ཨུ་ལི་ཡན་ལན་གྱིས་གཙོ་སྐྱོང་གནང་བ་རེད།

        བཞུགས་མོལ་ཚོགས་འདུའི་ཐོག་ཆི་ཅན་ཞིན་གྱིས་བརྟག་དཔྱད་ཚོ་ཆུང་ལ་དགའ་བསུ་བྱས་པ་དང་།བདེ་ཆེན་གྱི་ཁུལ་བབ་མཚམས་སྦྱོར་བྱས་ཏེ། བརྟག་དཔྱད་ཚོ་ཆུང་གིས་བདེ་ཆེན་ཁུལ་དབུལ་ཕོངས་ས་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་བདེ་ཆེན་སེམས་ཀྱི་ཉི་ཟླའི་ཡུལ་སྐོར་ཐོན་ལས་ཀྱི་འཕེལ་རྒྱས་ཀྱི་གནད་དོན་ཐག་གཅོད་བྱེད་རོགས་གནང་བའི་རེ་བ་བཏོན།

        ནའེ་དབྱི་མུའུ་ཡ་སེང་གིས་བདེ་ཆེན་ཁུལ་དབུལ་སྒྲོལ་འགག་སྒྲོལ་ནས་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གནང་ཞིང་། ཁོང་གིས་བདེ་ཆེན་ཁུལ་གྱིས་མིག་སྔའི་སྲིད་ཇུས་ཡག་པོ་དང་གོ་སྐབས་ཡག་པོ་དམ་འཛིན་བྱས་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱིས་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་གཅིག་འདོམས་བྱས་ནས། 2020ལོར་རྒྱལ་ཡོངས་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་ཁག་ཐེག་བྱེད་དགོས་ཞེས་ནན་བཤད་གནང་།        

        ནའེ་དབྱི་མུའུ་ཡ་སེང་གིས་བདེ་ཆེན་ཁུལ་གྱིས་བཏོན་བའི་བརྟག་དཔྱད་ཚོ་ཆུང་གིས་དཀའ་ངལ་དང་གནད་དོན་ཐག་གཅོད་བྱེད་རོགས་གནང་བའི་རེ་བ་ནི་ལེགས་སྒྲིག་བྱས་ནས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་ལ་ཞུ་བ་དང་།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གིས་དོན་འཁྱོལ་བྱེད་པར་སྐུལ་འདེད་བྱེད་རྒྱུ་ཞེས་བཤད་པ་རེད།      

     

རྩོམ་སྒྲིག་པ། (ཚེ་རིང་སྒྲོལ་མ།)