དབུ་ཤོག >> སྐབས་དོན་གསར་འགྱུར། >> རྒྱལ་ཕྱི་ནང་གསར་འགྱུར།
རང་རྒྱལ་གྱིས་འཇིག་རྟེན་འཕུར་སྐྱོད་པ་སྒྲིག་འཛུགས་བྱས་ཏེ་བྱེ་ཐང་དུ་འཚོ་གནས་བྱ་ཐབས་སྦྱོང་བརྡར་སྤྲས་པ།
རྩོམ་པ་པོ། མི་གསལ། དུས་ཚོད། 2018-05-31 རྩོམ་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། ཀློག་གྲངས། 1607

        ཉེ་ཆར་ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་པ་15ལ་པཱ་ཏན་ཅི་ལིན་བྱེ་ཐང་དུ་ཐང་སྟོང་དུ་འཚོ་གནས་བྱ་ཐབས་སྦྱོང་བརྡར་བདེ་བླག་ངང་སྤྲས་པ་རེད། འདི་ནི་རང་རྒྱལ་གྱིས་འཕུར་གྲུ་སྐམ་སའི་བྱེ་ཐང་དུ་འཇིག་རྟེན་འཕུར་སྐྱོད་པར་བྱེ་ཐང་དུ་འཚོ་གནས་བྱ་ཐབས་ཀྱི་སྦྱོང་བརྡར་སྤྲོས་ཐེངས་དང་པོ་དེ་ཡིན་པ་རེད།        


        ངོ་སྤྲོད་བྱས་པར་གཞིགས་ན། འཇིག་རྟེན་འཕུར་སྐྱོད་པ་ཐང་སྟོང་དུ་འཚོ་གནས་བྱ་ཐབས་སྦྱོང་བརྡར་བྱེད་ཡུན་ཉན19ཡིན་ཞིང་། ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་པའི་ལྟེ་གནས་རྩ་འཛུགས་དང་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ཀྱིས་སྦྱོང་བརྡར་བདེ་བླག་ངང་ཐུབ་པའི་འགན་ལེན་བྱས་པ་རེད། ད་རེས་ཀྱི་སྦྱོང་བརྡར་གྱིས་བར་སྣང་ས་ཚིགས་ཀྱི་མི་ཞུགས་གནམ་གྲུའི་འཕུར་སྐྱོད་ལས་འགན་གྱི་འཕུར་གྲུ་སྐམ་སའི་བྱེ་ཐང་ས་ཁོངས་སུ་བབ་བསྟུན་ངང་ཕྱིར་ལོག་བྱེད་དགོས་བྱུང་བའི་དམིགས་བསལ་གནས་ཚུལ་ལ་དམིགས་པ་ཞིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་འཇིག་རྟེན་འཕུར་སྐྱོད་པས་སྲོག་སྐྱོབ་དངོས་རྫས་སྤྱོད་སྟངས་སྔར་བས་ཁོང་དུ་ཆུད་པ་དང་། བྱེ་ཐང་ཁོར་ཡུག་ཏུ་འཚོ་གནས་བྱེད་ནུས་ཆེ་རུ་འགྲོ་བ། བློ་སྟོབས་དང་གཤིས་རྒྱུད་ལ་སྦྱོང་བརྡར་ཐེབས་པ། ཕན་ཚུན་རོགས་ལས་དང་གོང་བུ་འགྲིལ་ཤུགས་ཆེ་རུ་འགྲོ་བ་བཅས་ཀྱི་ཆེད་དུ་རེད། 






རྩོམ་སྒྲིག་པ། (ཚེ་རིང་སྒྲོལ་མ།)