བདེ་ཆེན་ནས་དྲུག་གཅིག་བྱིས་པའི་དུས་ཆེན་ཉིན་ལ་བྱེད་སྒོ་སྣ་ཚོགས་སྤེལ།
དབུ་ཤོག >> སྐབས་དོན་གསར་འགྱུར། >> ས་གནས་གསར་འགྱུར།
བདེ་ཆེན་ནས་དྲུག་གཅིག་བྱིས་པའི་དུས་ཆེན་ཉིན་ལ་བྱེད་སྒོ་སྣ་ཚོགས་སྤེལ།
རྩོམ་པ་པོ། མི་གསལ། ཡིག་བསྒྱུར། རིན་ཆེན་ཚེ་རིང་། དུས་ཚོད། 2018-06-01 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 906

       ཟླ་5བའི་ཚེས་30ཉིན། ཁུལ་དང་སེམས་ཀྱི་ཟླ་གྲོང་ཁྱེར་ཐན་ཨུ་ཡོན།ལོ་ཆུང་གཞོན་ནུ་སྔོན་སྐྱོད་རུ་ཁག་གི་ལས་བྱེད་ཨུ་ཡོན་ལྷན་ཚོགས་ཀྱིས་“དུས་རབས་གསར་བ། ཁྱོད་བདེ་མོ། ཞེས་པ་དང་སྲོག་ཤིང་བརྩི་སྲུང་གིས་བློ་ཁ་པེ་ཅིང་ལ་ཕྱོགས་ཏེ་དུས་རབས་གསར་བའི་རུ་མི་བཟང་བོ་བརྩོན་ལེན་བྱ་”ཞེས་པ་བརྗོད་གཞི་བྱས་པའི་དྲུག་གཅིག་བྱིས་པའི་དུས་ཆེན་ལ་རྟེན་འབྲེལ་ཞུས་པའི་བྱེད་སྒོ་བསྡུས་པ་རེད།

       ཟླ་6པའི་ཚེས་1ཉིན་གྱི་སྔ་དྲོར། བདེ་ཆེན་ཁུལ་བྱིས་གཉོར་ཁང་ནས་དྲུག་གཅིག་བྱིས་པའ་དུས་ཆེན་གྱི་བྱེད་སྒོ་སྣ་ཚོགས་སྤེལ་ཞིང་།ལོ་ཆུང་བྱིས་པ་དང་དགེ་རྒན་རྣམས་དགའ་བའི་འཛུམ་གྱིས་ཁེངས་ནས་རིག་རྩལ་འཁྲབ་སྟོན་སྣ་ཚོགས་བྱས་པ་རེད།

       ཟླ་6པའི་ཚེས་1ཉིན་གྱི་སྔ་དྲོར། སེམས་ཀྱི་ཉི་ཟླ་རྒྱལ་ཐང་སློབ་ཆུང་གིས་དྲུག་གཅིག་བྱིས་པའི་དུས་ཆེན་ལ་དགའ་སྟོན་རྟེན་འབྲེལ་ཞུ་བ་དང་མངོན་མིན་རིག་གནས་ཤུལ་བཞག་སློབ་རར་བསྐྱོད་པའི་རིག་རྩལ་འཁྲབ་སྟོན་ནམ་སྐབས་བཅུ་དགུ་བའི་ལུས་རྩལ་འགྲན་བསྡུར་གྱི་འགོ་ཚུགས་མཛད་སྒོ་ཞེས་པའི་བྱེད་སྒོ་བསྡུས་ཤིང་།བྱེད་སྒོའི་སྟེང་བྱིས་པ་རྣམས་ཀྱིས་རྒྱལ་ཐང་གི་སྐོར་བྲོ་དང་ཀོང་རྩེད་རའི་སྐོར་བྲོ།ཉི་ཤར་བྱམས་བྲོ། འཇོལ་རྫོང་གི་པི་ཝང་སྐོར་བྲོ་སོགས་དམངས་ཁྲོད་རིག་གནས་རྒྱུད་འཛིན་དང་དར་སྤེལ་གྱི་དོན་སྙིང་ཆེན་པོ་ལྡན་པའི་རིག་རྩལ་འཁྲབ་སྟོན་སྣ་ཚོགས་བྱས་པ་རེད།

རྩོམ་སྒྲིག་པ། (རིན་ཆེན་ཚེ་རིང་། )