ཀྲུང་གོའི་གླུ་སྐད་གསར་པའི་བདེ་ཆེན་ས་ཁུལ་གྱི་འགྲན་བསྡུར་མཇུག་རྫོགས།
དབུ་ཤོག >> སྐབས་དོན་གསར་འགྱུར། >> ས་གནས་གསར་འགྱུར།
ཀྲུང་གོའི་གླུ་སྐད་གསར་པའི་བདེ་ཆེན་ས་ཁུལ་གྱི་འགྲན་བསྡུར་མཇུག་རྫོགས།
རྩོམ་པ་པོ། མི་གསལ། ཡིག་བསྒྱུར། ཚེ་སྒྲོལ། དུས་ཚོད། 2018-06-04 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 798


   སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ5པའི་ཚེས་30ཉིན་གྱི་ཕྱི་དྲོར། 2018ལོའི་ཀྲུང་གོའི་གླུ་སྐད་གསར་པའི་བདེ་ཆེན་ས་ཁུལ་གྱི་འགྲན་བསྡུར་དེ་མཇུག་མཐའི་འགྲན་བསྡུར་སྤེལ་བ་དང་།  མང་འདེམས་དང་བསྐྱར་མའི་འགྲན་བསྡུར།  རྒྱལ་ཕམ་ཐག་ཕྱེད་ཙམ་གཅོད་པའི་འགྲན་བསྡུར་བཅས་བརྒྱུད་དེ་བདམས་ཐོན་པ་19བདམས་ནས་མཇུག་མཐའི་འགྲན་བསྡུར་དེར་ཞུགས།   མཐར་ལིའུ་མའེ་ཆུས་ཆུང་དང་བློ་བཟང་ཉི་མ།   ཧོ་ཞུའེ་མེ་སོགས་བདམས་ཐོན་པ་10ནི་བདེ་ཆེན་ས་ཁུལ་གྱི་ཆེ་དྲག་བཅུའི་གྲས་སུ་བདམས་བ་རེད།  ཁོ་ཚོས་ཉེ་སྔོན་དུ་ཁུན་མིང་ནས་ཞིང་ཆེན་རིམ་པའི་འགྲན་བསྡུར་དུ་ཞུགས་འགྲོ་རྒྱུ་རེད།

   བྱེད་སྒོར་དེས་ལོ་ན་སྣ་ཚོགས་དང་ལས་རིགས་སྣ་ཚོགས། ཁྱད་ཆོས་སྣ་ཚོགས་ལྡན་པའི་མང་ཚོགས་ཞུགས་པར་སྡུད་པ་དང་།  འགྲན་བསྡུར་ཁྲོད་དུ་ཞིབ་དཔྱད་དགེ་རྒན་རྣམས་གྱིས་བདམས་ཐོན་པའི་གླུ་དང་གར་སྟེགས་ཐོག་གི་མངོན་ཚུལ།   ཆེད་ལས་ཀྱི་བྱང་རྩལ་སོགས་ཀྱི་ཐད་ནས་རེ་རེ་བཞིན་དཔྱད་བརྗོད་བྱས་པ་རེད།


   ཀྲུང་གོའི་གླུ་སྐད་གསར་པ་ཞེས་པ་ནི་རྒྱལ་ནང་གི་རོལ་དབྱངས་དཔྱད་བརྗོད་གི་ལེ་ཚན་ཆེ་གྲས་ཞིག་ཡིན་ལ།རྒྱ་ཆེ་བའི་རོལ་དབྱངས་དགའ་མཁན་ཚོ་ལ་གླུ་ལེན་པའི་རེ་བ་འགྲུབ་པར་རོགས་སྐྱོར་བྱེད་པའི་སྟེགས་བུ་ཞིག་ཡིན།  འགྲན་བསྡུར་དུ་ཞུགས་པའི་བདམས་ཐོན་པས་རྒྱལ་ཡོངས་ཀྱི་གྲོང་ཁྱེར་སོ་སོའི་མིང་འགོད་མང་འདེམས་བརྒྱུད་དེ་རིམ་པ་རེ་རེ་བཞིན་འཕར་ནས་རྒྱལ་ཡོངས་ཀྱི་མཇུག་མཐའི་འགྲན་བསྡུར་དུ་ཞུགས་རྒྱུ་རེད།


རྩོམ་སྒྲིག་པ། (ཚེ་རིང་སྒྲོལ་མ།)