རང་རྒྱལ་གྱི་བོད་རིག་པའི་ཆེད་ལས་ཞིབ་འཇུག་མི་སྣ་5000ལས་བརྒལ་བ།
དབུ་ཤོག >> སྐབས་དོན་གསར་འགྱུར། >> བོད་ཁུལ་གསར་འགྱུར།
རང་རྒྱལ་གྱི་བོད་རིག་པའི་ཆེད་ལས་ཞིབ་འཇུག་མི་སྣ་5000ལས་བརྒལ་བ།
རྩོམ་པ་པོ། མི་གསལ། དུས་ཚོད། 2018-06-04 རྩོམ་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། ཀློག་གྲངས། 3492

        “རང་རྒྱལ་དུ་མར་ཁེ་སིའི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ལ་མཁྱེན་རྒྱ་ཟབ་པ་དང་ཆེད་ལས་ཀྱི་བྱང་ཚད་ཅུང་མཐོ་བའི་བོད་རིག་པ་ཞིབ་འཇུག་གི་དཔུང་སྡེ་ཞིག་ཆགས་ཡོད།མིག་སྔར་ཆེད་ལས་ཞིབ་འཇུག་མི་སྣ་5000ཡན་ཟིན་ཡོད”ཅེས་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཨན་ཆི་དབྱིས་བཤད།

        ཨན་ཆི་དབྱིས་ཉིན་ཤས་གོང་འཚོགས་པའི་སྐབས་ལྔ་པའི་རྒྱལ་ཡོངས་ཀྱི་བོད་རིག་པའི་ལས་དོན་མཐུན་སྦྱོར་ཚོགས་འདུའི་ཐོག་ཀྲུང་གོ་ནི་བོད་རིག་པའི་ཕ་ཡུལ་ཡིན།བོད་རིག་པ་ཞིབ་འཇུག་དེ་རང་རྒྱལ་དུ་ལོ་རྒྱུས་ཡུན་རིང་ལྡན་ཡོད། ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱི་བོད་རིག་པ་ཞིབ་འཇུག་ལ་གྲུབ་འབྲས་ཕུན་སུམ་ཚོགས་པོ་ཐོབ་ཡོད།མིག་སྔ་དང་སླད་ཕྱིན་གྱི་དུས་སྐབས་ཤིག་ནང་རྒྱལ་ཡོངས་ཀྱི་བོད་རིག་པའི་ལས་རིགས་ཀྱིས་བོད་ལྗོངས་དང་བོད་ཁུལ་ཞིང་ཆེན་བཞིའི་སྤྱི་ཚོགས་རྒྱུན་མཐུད་དང་།ཡུན་རིང་། ཕྱོགས་ཡོངས་བཅས་བརྟན་ལྷིང་རྒྱུན་འཁྱོངས་ཀྱི་གནད་དོན་དང་། བོད་ལྗོངས་དང་བོད་ཁུལ་ཞིང་ཆེན་བཞིའི་འཕེལ་རྒྱས་དོ་སྙོམས་པོ་མེད་པ་དང་ཆ་ཚང་པོ་མེད་པའི་གནད་དོན།བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བ་བྱེད་པའི་གནད་དོན།ཕུལ་བྱུང་གི་མི་རིགས་རིག་གནས་སྲུང་སྐྱོང་དང་། འཕེལ་རྒྱས། དེ་བཞིན་ཀྲུང་དབྱང་གིས་བོད་ལྗོངས་དང་བོད་ཁུལ་ཞིང་ཆེན་བཞིའི་སྲིད་ཇུས་ཁག་དོན་འཁྱོལ་དང་འཐུས་ཚང་ལ་རྒྱབ་སྐྱོར་བྱེད་པ་སོགས་གནད་དོན་རབ་དང་རིམ་པར་ཞིབ་འཇུག་གཏིང་ཟབ་བྱེད་དགོས་ཞེས་བཤད་པ་རེད།

        ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ཀན་ཧྲི་དགྲ་འདུལ་གྱིས་བོད་རིག་པའི་ཞིབ་འཇུག་ལས་དོན་གྱིས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་མཐའ་འཁྱོངས་བྱ་རྒྱུ་དེ་བོད་རིག་པའི་ཞིབ་འཇུག་ལས་དོན་ལ་སྐུལ་འདེད་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་ཨང་དང་པོར་བརྩི་བ་དང་།ཐོག་མཐའ་བར་གསུམ་དུ་དངོས་ཡོད་ཀྱི་ཞབས་ཞུ་དེ་བོད་རིག་པའི་བྱ་གཞག་གསར་གཏོད་འཕེལ་རྒྱས་ཀྱི་གཞི་རྩའི་ཕྱོགས་སྟོན་དུ་བརྩི་བ།ཐོག་མཐའ་བར་གསུམ་དུ་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་བོད་རིག་པའི་བྱ་གཞག་རྒྱུན་མཐུད་འཕེལ་རྒྱས་ཀྱི་རྩ་བའི་འགན་ལེན་དུ་བརྩི་བ།ཐོག་མཐའ་བར་གསུམ་དུ་སྣེ་ཁྲིད་མཐུན་སྦྱོར་གྱི་ནུས་པ་འདོན་སྤེལ་བྱ་རྒྱུ་དེ་བོད་དང་འབྲེལ་བའི་ལས་དོན་གྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་འགན་འཁྲི་གལ་ཆེན་དུ་བརྩི་དགོས་པ་བཅས་བཏོན་པ་རེད།


རྩོམ་སྒྲིག་པ། (ཚེ་རིང་སྒྲོལ་མ།)