བདེ་ཆེན་གྱིས་དྲུག་ལྔ་ཁོར་ཡུག་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ།
དབུ་ཤོག >> སྐབས་དོན་གསར་འགྱུར། >> ས་གནས་གསར་འགྱུར།
བདེ་ཆེན་གྱིས་དྲུག་ལྔ་ཁོར་ཡུག་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ།
རྩོམ་པ་པོ། མི་གསལ། ཡིག་བསྒྱུར། ཚེ་སྒྲོལ། དུས་ཚོད། 2018-06-06 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 774

སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ6པའི་ཚེས་5ཉིན་གྱི་སྔ་དྲོར།  སེམས་ཀྱི་ཉི་ཟླའི་ཉི་མ་དམར་པོའི་ཐང་ཆེན་དུ་མཛེས་པའི་ཀྲུང་གོར་ང་ནི་འགུལ་སྐྱོད་བྱེད་མཁན་ཡིན་ཞེས་པ་བརྗོད་བྱའི་གཙོ་བོར་བྱས་པའི་ཟླ་6པའི་ཚེས་5ཉིན་གྱི་ཁོར་ཡུག་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་དང་།  ལས་ཁུངས་དང་ཧྲིལ་ཁུལ། སློབ་གྲྭ་སོགས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་དང་བླངས་པ་མི་400ལྷག་བྱེད་སྒོར་ཞུགས་ཡོད།


   བྱེད་སྒོའི་ཡུལ་དངོས་སུ་དང་བླངས་པས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་ཆེར་གཏོང་བ་དང་སྐྱེ་ཁམས་དཔལ་ཡོན་སྐུལ་འདེད་གཏོང་བ་ཞེས་པའི་གྲོས་གཞི་འདོན་ཡིག་འདོན་པ་དང་།  སེམས་ཀྱི་ཉི་ཟླའི་དར་དམར་སློབ་ཆུང་དང་།  བདེ་ཆེན་ཁུལ་མི་རིགས་གླུ་གར་ཚོགས་པ།  སེམས་ཀྱི་ཉི་ཟླའི་ཚན་སྡེ་སོགས་ཀྱི་གླུ་དང་གར་གྱི་ལྟད་མོ་སྣ་མད་སྟོན་ཡོད་དེ།  སྐྱེ་ཁམས་ཁོར་ཡུག་སྲོང་སྐྱོང་གི་བརྗོད་བྱ་ཁ་གསལ་ལ།  ཁྱད་ཆོས་ལྡན་པའི་རིག་རྩལ་ལྟད་མོས་བྱེད་སྒོ་དེར་ཚ་རླབས་ཡང་ཡང་འཕྱུར་དུ་བཅུག





   བྱེད་སྒོའི་ཁྲོད་དུ།  ཚང་མས་ཁོར་ཡུག་གི་སློབ་གསོ་དྲིལ་བསྒྲགས་གློག་བརྙན་སའི་གོ་ལ་ནི་ཁྱེད་རང་ཉིད་ཡིན་ཞེས་པ་བལྟས་བ་མ་ཟད། ད་དུང་ཁོར་ཡུག་སྲུང་སྐྱོང་གི་ཁེས་ལེན་ཡི་གེའི་ཐོག་མིང་རྟགས་འགོད་པ།   སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དྲིལ་བསྒྲགས་དངོས་རྫས་བཏོང་བ་སོགས་ཀྱི་བྱེད་སྒོ་སྣ་མང་སྤེལ་བ་རེད།




རྩོམ་སྒྲིག་པ། (ཚེ་རིང་སྒྲོལ་མ།)