སྐད་འཕྲིན་གྲོགས་ཚོགས་སུ་འདི་འདྲ་བྱེད་རྒྱུ་མི་འདུག
དབུ་ཤོག >> སྐབས་དོན་གསར་འགྱུར། >> བོད་ཁུལ་གསར་འགྱུར།
སྐད་འཕྲིན་གྲོགས་ཚོགས་སུ་འདི་འདྲ་བྱེད་རྒྱུ་མི་འདུག
རྩོམ་པ་པོ། མི་གསལ། དུས་ཚོད། 2018-06-08 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 1644

       

         ཁྱེད་ཀྱི་སྐད་འཕྲིན་གྲོགས་ཚོགས་སུ“གྲོགས་པོ། ངའི་ཕྲུ་གུར་འདེམས་ཤོག་གཅིག་འཕེན་རོགས་གྱིས་དང”“ངའི་ནང་མིར་འདེམས་ཤོག་འཕེན་རོགས་གྱིས་དང་། མི་གཅིག་གིས་འདེམས་ཤོག་གསུམ་འཕེན་ན་འགྲིག་གི་འདུག ཐུགས་རྗེ་ཆེ”སོགས་འདེམས་ཤོག་འཕེན་རོགས་བྱ་རྒྱུའི་ཆ་འཕྲིན་མང་པོ་འབྱོར་གྱི་འདུག་གམ། དེང་སང་། དྲ་ཐོག་ཏུ་འདེམས་ཤོག་འཕེན་པའི་དཔྱད་འདེམས་བྱེད་སྒོ་སློབ་གྲྭའི་ཕྱི་ནང་གང་སར་སྤེལ་མཁན་མང་པོ་ཡོད། ཉིན་ཤས་གོང་། ཀྲེ་ཅང་ཞིང་ཆེན་སློབ་གསོ་ཐིང་གིས་ཡིག་ཆ་ཞིག་བཏོན་ནས། སློབ་མ(བྱིས་པ)སྒེར་གྱི་མཚན་སྙན་དང་འབྲེལ་བ་ཡོད་པའི་དཔྱད་འདེམས་བྱེད་སྒོ་དག་སྤྱིར་ན་སྤྱི་ཚོགས་ལ་ཕྱོགས་ནས་དྲ་ཐོག་ཏུ་འདེམས་ཤོག་འཕེན་སྟངས་སྤྱོད་མི་རུང་བ་གསལ་པོར་བཏོན་ཡོད།

      2.སློབ་གྲྭའི་སྡེ་ཚོགས་དང་འཛིན་གྲྭ་སོ་སོས་བྱེད་སྒོ་སྤེལ་སྐབས། སློབ་གྲྭ་དེ་གའི་སློབ་མ་བྱེད་སྒོར་ཧུར་ཐག་ཞུགས་ཆེད། སློབ་གྲྭ་དེ་རང་གི་སློབ་མ་རེ་རེས་དྲ་ཐོག་ཏུ་འདེམས་ཤོག་གཅིག་རེ་མ་གཏོགས་འཕེན་མི་རུང་བ་ཚོད་འཛིན་བྱེད་དགོས།

      3.གལ་སྲིད་སྐད་འཕྲིན་དང་QQསོགས་སྤྱི་ཚོགས་ལ་ཕྱོགས་པའི་དྲ་ཐོག་དཔྱད་འདེམས་བྱེད་དགོས་ཚེ། ངེས་པར་དུ་གོང་རིམ་གྱི་སློབ་གསོ་སྲིད་འཛིན་ལས་ཁུངས་ལ་སྙན་སེང་ཞུས་ནས་ཞིབ་བཤེར་ཆོག་མཆན་ཐོབ་དགོས།

    《བརྡ་ཐོ》ཡི་ནང་བསྟན་དོན། ད་དུང་སྤྱི་ཚོགས་གསོ་སྦྱོང་ལས་ཁུངས་ཀྱི་དོ་དམ་དང་སྤྱི་ཚོགས་ཀྱི་ཚོགས་པ་དང་རྩ་འཛུགས་དབར་གྱི་འབྲེལ་བར་ཤུགས་སྣོན་བརྒྱབ་སྟེ། སློབ་མའམ་བྱིས་པ་དང་འབྲེལ་བ་ཡོད་པའི་སྐད་འཕྲིན་དང་QQསོགས་དྲ་ཐོག་འདེམས་ཤོག་འཕེན་པའི་བྱེད་སྒོ་ཡིན་ཚེ། སྔོན་ལ་ཁོངས་གཏོགས་ཀྱི་སློབ་གསོ་སྲིད་འཛིན་ལས་ཁུངས་ཀྱི་མོས་མཐུན་ཐོབ་དགོས། སློབ་གྲྭས(བུ་བཅོལ་ཁང)ཁྱིམ་བདག་དང་སློབ་མར་སྤྱི་ཚོགས་ལས་ཁུངས་ཁག་གིས་སྒྲིག་བཙུགས་བྱས་པའི་སློབ་མ(བྱིས་པ)ལ་ཕྱོགས་པའི་དྲ་ཐོག་འདེམས་ཤོག་འཕེན་པའི་བྱེད་སྒོར་ཞུགས་མི་རུང་བའི་ཁྲིད་སྟོན་བྱེད་དགོས།