དབུ་ཤོག >> སྐབས་དོན་གསར་འགྱུར། >> ས་གནས་གསར་འགྱུར།
བདེ་ཆེན་གྱི་གདོད་སྐྱེས་གླུ་གཞས་འཁྲབ་སྟོན་གྱི་ངོ་མཚར་ལྟད་མོ།
རྩོམ་པ་པོ། མི་གསལ། ཡིག་བསྒྱུར། རིན་ཆེན་ཚེ་རིང་། དུས་ཚོད། 2018-06-11 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 684

       ཟླ་6པའི་ཚེས་9ཉིན་གྱི་སྔ་དྲོར། ཁུལ་གྱིས་“ཕ་ཡུལ་གྱི་དྲན་པས་ཕྱུག་པའི་གླུ་སྐད་ལ་ཉན་”ཞེས་པའི་བདེ་ཆེན་ཁུལ་གྱི་སྐབས་གཉིས་པའི་མི་རིགས་དམངས་ཁྲོད་ཀྱི་གདོད་སྐྱེས་གླུ་གཞས་འཁྲབ་སྟོན་གྱི་བྱེད་སྒོ་བསྡུས།

       ཤང་དང་གྲོང་རྡལ་29ནས་ཡོང་བའི་དམངས་ཁྲོད་སྒྱུ་རྩལ་པ་81གིས་རྒྱལ་ཁབ་དང་ཞིང་ཆེན་རིམ་པར་བདམས་པའི་དངོས་མིན་རིག་གནས་ཤུལ་བཞག་གི་སྲུང་སྐྱོང་རྣམ་གྲངས་གྱི་གླུ་གཞས་འཁྲབ་སྟོན་བྱས་ཏེ། ངོ་མཚར་བའི་བདེ་ཆེན་གྱི་མི་རིགས་སོ་སོའི་གདོད་སྐྱེས་དམངས་གླུ་འཁྲབ་སྟོན་བྱས་པ་རེད།

       འཁྲབ་སྟོན་གྱི་འཁྲབ་ཚན་མང་ཤོས་ནི་དམངས་ཁྲོད་ཀྱི་སྲོལ་རྒྱུན་རོལ་མོའི་རྒྱུ་ཆས་རྨང་གཞི་བྱས་ཤིང་།ས་གནས་དམངས་ཁྲོད་ན་དར་ཁྱབ་ཆེན་པོ་ཡོད་པ་མ་ཟད། འོས་འཚམས་ཀྱིས་སྒྱུ་རྩལ་བཟོ་བཅོས་བྱས་པ་དང་རང་ཉིད་ཀྱིས་གསར་བཟོ་བྱས་པའི་དམངས་ཁྲོད་གླུ་གཞས།  མངོན་གསལ་གྱི་མི་རིགས་དང་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་གླུ་གཞས་བདམས་རེད།

       ཉིན་དེར་བྱེད་སྒོར་ཞུགས་པའི་འགོ་ཁྲིད་ཀྱིས་“བདེ་ཆེན་ཁུལ་ཁུལ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུད་འཛིན་རྟེན་གཞི་”ལ་སྒོ་བྱང་གནང་བ་རེད།




རྩོམ་སྒྲིག་པ། (རིན་ཆེན་ཚེ་རིང་། )