འཇོལ་རྫོང་ནས་ཞིང་ཆེན་ཡོངས་ཀྱི་མི་རིགས་སློབ་གསོའི་དོ་དམ་གསོ་སྦྱོང་སྒྲུབ་པ།
དབུ་ཤོག >> སྐབས་དོན་གསར་འགྱུར། >> ས་གནས་གསར་འགྱུར།
འཇོལ་རྫོང་ནས་ཞིང་ཆེན་ཡོངས་ཀྱི་མི་རིགས་སློབ་གསོའི་དོ་དམ་གསོ་སྦྱོང་སྒྲུབ་པ།
རྩོམ་པ་པོ། མི་གསལ། ཡིག་བསྒྱུར། ཚེ་རིང་དོན་གྲུབ། དུས་ཚོད། 2018-06-14 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 603

       ཟླ6པའི་ཚེས7ཉིན།   ཡུན་ནན་ཞིང་ཆེན་མི་རིགས་སློབ་གསོའི་དོ་དམ་པའི་20108ལོའི་སྐབས་གཉིས་པའི་གསོ་སྦྱོང་དེ་འཇོལ་རྫོང་མི་རིགས་སློབ་ཆུང་ནས་འཚོགས་པ་དང་།   ཞིང་ཆེན་ཡོངས་ཀྱི་མི་རིགས་སློབ་ཆུང16དང་།   སྐད་གཉིས་ཚོད་ལྟའི་སློབ་གྲྭ32    གཞན་ཞིང་ཆེན་སློབ་གསོ་ཐིང་དང་།   མི་རིགས་སློབ་གསོའི་མཐོ་རིམ་སློབ་གླིང་གི་སློབ་གསོའི་དོ་དམ120ལྷག་ཐེངས་འདིའི་གསོ་སྦྱོང་ནང་ཞུགས་ཡོད།  

       དུས་ཡུན་ཉིིན་གཉིས་རིང་གི་གསོ་སྦྱོང་ཁྲོད།  ཚོགས་ཞུགས་མི་སྣ་ཚོས་སློབ་གསོའི་ཉམས་མྱོང་དང་གྲུབ་འབྲས་སྐོར་ལ་འབྲེལ་འདྲིས་ཟབ་མོ་གནང་ཞིང་།   འཇོལ་རྫོང་མི་རིགས་སློབ་ཆུང་དང་།   རྫོང་བུ་བཅོལ་ཁང་གི་མི་རིགས་སློབ་གསོ་སྤེལ་བའི་གནས་ཚུལ་སོགས་ལ་རྒྱུས་ལོན་བྱས་པ་མ་ཟད།  ས་གནས་ཀྱི་ཁྱད་ཆོས་ལྡན་པའི་གླུ་གར་འཁྲབ་སྟོན་ལ་བལྟས་པ་རེད།   ཡུན་ནན་ཞིང་ཆེན་སློབ་གསོ་ཐིང་མི་རིགས་སློབ་གསོ་ཁྲུའུ་ཡི་ཁྲུའུ་ཀྲང་ཏུང་དབྱི་ཧྥན་གྱིས་ང་ཚོས་ཐེངས་འདིའི་གསོ་སྦྱོང་འཇོལ་རྫོང་མི་རིགས་སློབ་ཆུང་དུ་བཀོད་སྒྲིག་བྱས་པ་འདིས་འཇོལ་རྫོང་གི་མི་རིགས་སློབ་གསོའི་ཉམས་མྱོང་ལ་སློབ་སྦྱོང་བྱེད་ཐུབ་པ་མ་ཟད།   དེ་ལས་ཀྱང་གལ་ཆེ་བ་ནི་མི་དམངས་དགེ་རྒན་ཚོས་འདི་འདྲའི་མཁའ་དབུགས་ཞན་ཞིང་ས་བབ་མཐོ་བའི་ཁོར་ཡུག་གི་ཆ་རྐྱེན་འོག་ཏུ་སེམས་ཤུགས་འབུལ་ཕོད་པ་དང་།   འགྱོད་སེམས་མེད་པར་ལས་རིགས་ཀྱི་ཆེད་དུ་སྙིང་སྟོབས་དང་ལང་ཚོ་འབུལ་ནུས་པའི་སྙིང་སྟོབས་ལ་ཡང་སློབ་སྦྱོང་བྱེད་ཐུབ་པ་རེད་ཅེས་བཤད་བྱུང་།  

       གསོ་སྦྱོང་བྱེད་པའི་ལས་ཡུལ་དངོས་སུ།  ཁུལ་དང་གྲོང་ཁྱེར། ས་གནས་སོ་སོ་ནས་ཐོན་པའི་མི་རིགས་སློབ་གསོའི་དོ་དམ་པ་བོད་ཡིག་སློབ་ཁྲིད་སྐོར་ལ་སྤྲོ་བ་ཟབ་མོ་སྐྱེས་ཤིང་།  རིག་གནས་ཁྱམས་རའི་ནང་གི་བོད་ཀྱི་ཡིག་གཟུགས་འགྲེམས་སྟོན་ལ་ཀུན་གྱི་བསྔགས་བརྗོད་ཚད་མེད་གནང་ཡོད།   བོད་ཀྱི་འབའ་གཞས་ཞབས་བྲོའི་སློབ་ཁང་ནང་ཕུའུ་ཨར་ནས་ཐོན་པའི་དགེ་རྒན་སྐོར་ཞིག་དང་འཇོལ་རྫོང་མི་རིགས་སློབ་ཆུང་གི་དགེ་རྒན་རྣམས་པས་མཉམ་དུ་རོལ་ཆས་རྡུང་ནས་གང་སར་དགའ་ལྷང་ལྷང་དང་སྙན་པའི་དབྱངས་ཀྱིས་ཁྱབ།  

       རྒྱུས་ལོན་བྱུང་བ་ལྟར་ན།   འཇོལ་རྫོང་མི་རིགས་སློབ་ཆུང་གིས2012ལོའི་ཟླ9པར་གཅིག་བསྡུས་སློབ་གཉེར་བྱས་པའི་ཚུན་དུ།  ཕྱོགས་ཡོངས་ནས་སྐད་གཉིས་སློབ་གསོའི་ལས་ཀ་ལེགས་པར་སྒྲུབ་ཡོད་པ་དང་།    ཆེད་ལས་བོད་ཡིག་དགེ་རྒན་བཀོད་སྒྲིག་བྱས་ནས་སྐད་གཉིས་དགེ་རྒན་གྱི་གསོ་སྦྱོང་ལ་ཤུགས་སྣོན་རྒྱབ་པ་དང་།  སྐད་གཉིས་སློབ་གསོའི་སྒྲིག་སྲོལ་ཚད་ལྡན་ཅན་དུ་བཏང་ཡོད།   མིག་སྔར་སློབ་གྲྭ་ཡོངས་སུ་སློབ་མ1106ཡོད་པ་དང་།   གཞི་རྩའི་ཐོག་སློབ་མ་ཚང་མས་བོད་ཡིག་གསལ་བྱེད་ཀློག་འདོན་དང་རྒྱུན་སྤྱོད་མིང་ཚིག་བཀོལ་སྤྱོད་བྱེད་ཤེས་ཀྱི་ཡོད།  

       གསོ་སྦྱོང་མཇུག་གྲིལ་རྗེས།  ཞིང་ཆེན་སློབ་གསོ་ཐིང་གིས་སྐབས་རྗེས་མའི་ཞིང་ཆེན་ཡོངས་ཀྱི་མི་རིགས་སློབ་གསོའི་ལས་ཀར་བཀོད་སྒྲིག་ཞིབ་ཚགས་གནང་བ་རེད།  


རྩོམ་སྒྲིག་པ། (རིན་ཆེན་ཚེ་རིང་། )