དབུ་ཤོག >> སྐབས་དོན་གསར་འགྱུར། >> ས་གནས་གསར་འགྱུར།
བདེ་ཆེན་ཁུལ་ཨུའི་རྒྱུན་ཨུའི་ལྷན་ཁང་གིས་སྐོར་གཟིགས་དག་ཐེར་གྱི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་འཚོགས་པ།
རྩོམ་པ་པོ། མི་གསལ། ཡིག་བསྒྱུར། པད་མ་མཚོ། དུས་ཚོད། 2018-06-15 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 2316

       སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ6པའི་ཚེས8ཉིན། ཁུལ་ཨུའི་རྒྱུན་ཨུའི་འགོ་ཁྲིད་ཀྱིས་སྐོར་གཟིགས་དག་ཐེར་གྱི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་འཚོགས་པ་དང་།ཀུའུ་ཁུན་གྱིས་ཚོགས་འདུ་ལ་གཙོ་སྐྱོང་གནང་བ།

       གྲོས་ཚོགས་ཀྱིས་གཏིང་ཟབ་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དོན་འཁྱོལ་དང་ཕྱོགས་ཡོངས་ནས་སྐོར་གཟིགས་དག་ཐེར་གྱི་ལས་ཀའི་བླང་བྱ་དོན་འཁྱོལ་མཐར་ཕྱིན་བྱེད་རྒྱུ་དེ་བརྗོད་བྱ་བྱས་ནས།ཞིང་ཆེན་ཏང་ཨུའི་སྐོར་གཟིགས་ཚོ་ཆུང་དགུ་བས་རང་ཁུལ་གྱི་ཏང་གི་འགོ་ཁྲིད་དང་ཏང་འཛུགས་སྐྱོང་།དབུལ་སྒྲོལ་འགག་སྒྲོལ་སོགས་ཀྱི་ཐད་དུ་གནས་པའི་གནད་དོན་གྱི་ལན་སྤྲོད་གནས་ཚུལ་གཞིར་བཟུང་ཏང་གཤིས་དབྱེ་ཞིབ་དང་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱས་ནས།ལེགས་བཅོས་བྱ་ཐབས་ཁ་གསལ་བྱས་པ་རེད།

       ཀུའུ་ཁུན་གྱིས་མཇུག་བསྡུའི་གསུང་བཤད་གནང་བ་མ་ཟད། ཁོང་གིས་ཁུལ་ཨུའི་རྒྱུན་ཨུའི་ལྷན་ཁང་གིས་ངེས་པར་དུ་ཐེངས་འདིའི་དམངས་གཙོ་འཚོ་བའི་ཚོགས་འདུ་འདི་འགོ་འཛུགས་ས་བྱས་ནས།གོམ་གང་མདུན་སྤོས་ཀྱིས་བསམ་བློ་གཅིག་གྱུར་དང་ཁ་ཕྱོགས་ངེས་གསལ། སྟོབས་ཤུགས་གཅིག་སྒྲིལ་བྱས་ནས།དོན་དངོས་ཀྱིས་ཏང་ནན་སྐྱོང་གི་བྱེད་པོའི་འགན་འཁྲི་དང་དུ་བླངས་པ་དང་མུ་མཐུད་དུ་ཚན་པ་འཛུགས་སྐྱོང་དང་བྱ་སྤྱོད་འཛུགས་སྐྱོང་ལ་ཤུགས་བསྣན་ནས།གནད་དོན་དམ་འཛིན་དང་ལེགས་བཅོས་དོན་འཁྱོལ་དང་ཚན་པའི་གོང་བུར་འགྲིལ་ཤུགས་དང་འཐབ་འཛིང་བྱེད་ནུས།ལྟེ་བའི་ཕྱོགས་ཤུགས་བཅས་ལ་ཤུགས་བསྣན་ནས།སྔར་ལས་ལྷག་པའི་སྒོ་ནས་ཁུལ་ཡོངས་མི་དམངས་སྣེ་ཁྲིད་ནས་དཔལ་འབྱོར་སྤྱི་ཚོགས་ཀྱི་བྱ་བཞག་ཁག་གོང་འཕེལ་གཏོང་བར་སྐུལ་འདེད་བྱེད་དགོས་སྟེ།གཅིག་ནས་ཆབ་སྲིད་ཀྱི་གནས་བབ་མཐོ་རུ་བཏང་ནས། ལེགས་བཅོས་ལས་ཀ་གཙིགས་ཆེན་བྱས་པ། ཞིང་ཆེན་ཏང་ཨུའི་སྐོར་གཟིགས་ཚོ་ཆུང་དགུ་བས་ལན་སྤྲོད་བསམ་འཆར་གཞིར་བཟུང་།  རིམ་བཞིན་དག་ཐེར་གནད་དོན་ལེགས་བཅོས་ཡག་པོ་བྱེད་པ།གཉིས་ནི་ལེགས་བཅོས་ཀྱི་གོ་རིམ་ཁྲོད་མི་དང་བྱ་དོན་མཐོང་བར་བྱེད་དགོས། གསུམ་ནི་ཕྱོགས་ཡོངས་ནས་ཏང་གིས་ཏང་སྐྱོང་བ་དང་ཏང་ནན་སྐྱོང་གི་ལས་དོན་ལ་སྐུལ་འདེད་གཏོང་དགོས།བཞི་ནི་ཤུགས་ཡོངས་ཀྱིས་ལས་ཀའི་སྤྱོད་ཚུལ་དོན་འཁྱོལ་དམ་འཛིན་དང་དར་སྤེལ་གཏོང་དགོས་ཞེས་ནན་གྱིས་བསྟན་པ་རེད།

       ཁུལ་ཨུའི་རྒྱུན་ཨུའི་ལྷན་ཁང་གི་ཁོངས་མི་ཚོགས་འདུར་ཞུགས་པ།ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི།ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུང་རེན་གཞོན་པ་ཚོགས་འདུར་ཟུར་ཞུགས་བྱས་པ་རེད།