དབུ་ཤོག >> སྐབས་དོན་གསར་འགྱུར། >> ས་གནས་གསར་འགྱུར།
རང་ཁུལ་གྱིས་ཀྲུང་དབྱང་ཁོར་ཡུག་ལྟ་སྐུལ་ཚོ་ཆུང་གིས་ཕྱིར་མིག་ལྟ་བའི་ ལས་དོན་བསུ་བར་གྲ་སྒྲིག་བྱས།
རྩོམ་པ་པོ། མི་གསལ། ཡིག་བསྒྱུར། ཚེ་རིང་སྒྲོལ་མ། དུས་ཚོད། 2018-06-15 རྩོམ་ཁུངས། སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ། ཀློག་གྲངས། 2567

       སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།  ཟླ6པའི་ཚེས་8ཉིན། རང་ཁུལ་གྱིས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོ་ཆུང་གིས་ཕྱིར་མིག་ལྟ་བའི་ལས་ཀའི་བཀོད་སྒྲིག་ཚོགས་འདུ་འཚོགས་ཏེ།  ལས་བགོས་ལྟར་འགན་འཁྲི་གཅག་པོ་བཟོ་བ་རེད།

       ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོ་ཆུང་གི་ཕྱིར་མིག་ལྟ་བ་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་།  ཤུགས་ཡོངས་ནས་འབྲེལ་ཡོད་ལས་ཀ་སྒྲུབ་པའི་ཆེད་དུ།   ཕྱིར་མིག་ལྟ་བའི་ལས་ཀ་བསུ་བར་ལས་ཀའི་འགོ་ཁྲིད་ཚོ་ཆུང་འཛུགས་ཏེ།   ཁུལ་ཨུའི་ཧྲུའུ་ཅི།   ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཀུའུ་ཁུན་དང་།   ཁུལ་ཨུའི་རྒྱུན་ཨུ།  ཁུལ་དཔོན་ཆི་ཅན་ཞིན་གཉིས་འགོ་ཁྲིད་ཚོ་ཆུང་གི་ཚོ་གཙོའི་འགན་ཁུར་བ་དང་།   འོག་ཏུ་གཅིག་གྱུར་གྱིས་འཆར་འགོད་དང་མཐུན་སྦྱོར་ཚོ་ཆུང་དང་།   ཡིག་ཆ་ཚོ་ཆུང་།   ལྟ་སྐུལ་བྱེད་ཞོར་དུ་བཅོས་སྒྲིག་བྱེད་པའི་ཚོ་ཆུང་།   འགན་འཁྲི་སྙེག་དཀྲི་ཚོ་ཆུང་།  ཞུ་གཏུག་དང་ལེན་དང་བརྟན་སྲུང་ཚོ་ཆུང་།   དྲིལ་བསྒྲགས་ཚོ་ཆུང་།  ཆ་འཕྲིན་དང་གསར་འགྱུར་འབྲི་བའི་ཚོ་ཆུང་།  རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་ཚོ་ཆུང་བཅས་ཀྱི་ལས་ཀའི་ཚོ་ཆུང་བརྒྱད་འཛུགས་ཡོད་པ་རེད།

       ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན།  ལས་ཀའི་ཚོ་ཆུང་སོ་སོས་རང་ཉིད་ཀྱི་འགན་འཁྲི་ལྟར།  གོམ་གང་མདུན་སྤོས་ཀྱིས་ལས་ཀའི་ཇུས་གཞི་ཞིབ་ཚགས་སུ་གཏོང་དགོས་པ་དང་  འགན་འཁྲི་ཁ་གསལ་དུ་གཏོང་དགོས།   ཚད་མཐོའི་ཆབ་སྲིད་འགན་འཁྲིའི་ཁུར་སེམས་དང་ནན་ཏན་གྱི་ལས་ཀའི་རྣམ་འགྱུར་འཛིན་སྟངས་ཀྱིས་ཕྱིར་མིག་ལྟ་བའི་ལས་ཀ་བསུ་དགོས།   འགན་འཁྲི་སྡེ་ཚན་ཁག་གིས་དུས་ཐོག་ཏུ་ཡིག་ཆ་གོང་དུ་ཞུ་དགོས་པ་དང་།  ཡང་དག་པ་ཡིན་དགོས།    འབྲེལ་ཡོད་མི་སྣས་ངེས་པར་དུ་ལས་གནས་ཐོག་གནས་དགོས་པ་དང་།   དུས་རྟག་ཏུ་ལས་ཀ་ཁག་བཀོད་གཏོང་ཡག་པོ་བྱེད་དགོས།  ཀྲུང་དབྱང་གི་ཆོད་དོན་ཁག་བརྒྱད་ཀྱི་དགོངས་པ་དང་།རང་ཞིང་ཆེན་གྱི་ལག་བསྟར་སྒྲིག་སྲོལ་དོན་འཁྱོལ་མཐར་ཕྱིན་སོགས་བྱས་ནས་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལས་ཀའི་ཚོ་ཆུང་གི་ཕྱིར་མིག་ལྟ་བའི་ལས་ཀ་བསུ་བར་གྲ་སྒྲིག་ཡག་པོ་བྱེད་དགོས།

       གཞན་ཤེས་རྟོགས་བྱུང་དོན།  གོམ་གང་མདུན་སྤོས་ཀྱིས་ཁུལ་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོང་ལས་ཀ་བྱེད་ཤུགས་ཆེར་གཏོང་བ་དང་།   ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལས་ཀའི་ཚོ་ཆུང་གི་ཕྱིར་མིག་ལྟ་བའི་ལས་ཀ་བསུ་བར་གྲ་སྒྲིག་ཡག་པོ་བྱེད་པའི་ཆེད་དུ།   རང་ཁུལ་གྱིས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོ་ཆུང་4རྫོང་དང་གྲོང་ཁྱེར་གསུམ་དང་གསར་སྤེལ་ཆུས་གཅིག་ཏུ་མངགས་ནས་ཁོར་ཡུག་སྲུང་སྐྱོང་ལ་ལྟ་ཞིབ་ལས་ཀ་སྤེལ་བ་རེད།