དབུ་ཤོག >> སྐབས་དོན་གསར་འགྱུར། >> བོད་ཁུལ་གསར་འགྱུར།
ཨ་ཆེན་གངས་རྒྱབ་ལ་འཛམ་གླིང་ཤུལ་བཞག་ལག་ཁྱེར་ཐོབ་པ།
རྩོམ་པ་པོ། མི་གསལ། དུས་ཚོད། 2018-06-21 རྩོམ་ཁུངས། མི་དམངས་དྲ་བ། ཀློག་གྲངས། 3384

      ཟླ་6ཚེས་9ཉིན་འཚོགས་པའི་2018ལོའི་རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི་ཚོགས་ཆེན་ཐོག་ཏུ་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་ཀྲུང་གོར་བཅའ་སྡོད་འཐུས་མི་ཕེ་པོ་ཡུང་(Robert Parua)གིས་མཚོ་སྔོན་ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་བུ་ཕྲུག་ལ་འཛམ་གླིང་ཤུལ་བཞག་གི་ལག་ཁྱེར་ཕུལ་ཡོད།
      2017ལོའི་ཟླ་7ཚེས་7ཉིན། མཚོ་སྔོན་ཨ་ཆེན་གངས་རྒྱབ་《འཛམ་གླིང་གནའ་ཤུལ་གྲགས་ཅན་ཟིན་ཐོའི་》ནང་དངོས་སུ་ཚུད་པ་དང་། ཀྲུང་གོའི་འཛམ་གླིང་ཤུལ་བཞག་ཨང་51ཏུ་འགྱུར་ཡོད། དེར་བརྟེན་ཨ་ཆེན་གངས་རྒྱབ་ཀྱིས་མཚོ་སྔོན་ཞིང་ཆེན་ཙམ་མ་ཟད་མཚོ་བོད་ས་མཐོར་འཛམ་གླིང་རང་བྱུང་ཤུལ་བཞག་མེད་པའི་སྟོང་ཆ་སྐོང་ནས། རང་རྒྱལ་གྱི་རྒྱ་ཁྱོན་ཆེ་ཤོས་དང་། ཆ་སྙོམས་མཐོ་ཚད་རྒྱ་མཚོའི་ངོས་ལས་མཐོ་ཤོས། མཚེའུ་ཡི་གྲངས་འབོར་མང་ཤོས་ཡིན་པ་མ་ཟད་འོ་འཐུང་སྲོག་ཆགས་གནས་སྤོའི་མཛེས་ལྗོངས་ཁུལ་ཆེ་གྲས་ཀྱི་འཛམ་གླིང་གི་རང་བྱུང་ཤུལ་བཞག་རྒྱུན་མཐུད་བྱུང་ཡོད། 
     ཨ་ཆེན་གངས་རྒྱབ་ཤུལ་བཞག་གི་རེ་ཞུ་ལེགས་སྒྲུབ་བྱུང་བ་ནི་རང་རྒྱལ་གྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་གྲུབ་འབྲས་རྒྱལ་སྤྱིའི་སྤྱི་ཚོགས་སུ་མངོན་པ་གསར་ཤོས་ཤིག་ཡིན་ལ། མཚོ་སྔོན་ཞིང་ཆེན་གྱིས་སྣོད་བཅུད་ཤེས་དཔལ་སྔོན་སྐྱོད་ཁུལ་ལ་སྐུལ་འདེད་དང་། “ཏན་ཏན་ཏིག་ཏིག་བཞིའི”བླང་བྱ་གལ་ཆེན་དོན་འཁྱོལ་ནུས་ལྡན་བྱེད་ཐབས་དང་གལ་ཆེན་མཚོན་པར་བྱས་ཡོད། མཚོ་སྔོན་ཞིང་ཆེན་འཛམ་གླིང་གི་རང་བྱུང་ཤུལ་བཞག་འཛུགས་སྐྱོང་ལོ་རྒྱུས་ཐོག་གསར་གཏོད་རང་བཞིན་དང་ལམ་ཚད་རྡོ་རིང་ལྟར་གྱི་དོན་སྙིང་ཆེན་པོ་ལྡན་ཡོད།
      བུ་ཕྲུག་གིས་ཤུལ་བཞག་རེ་ཞུ་ནི་དམིགས་ཡུལ་མིན་ཏེ་སྲུང་སྐྱོང་བྱེད་པ་ནི་རྩ་བ་རེད། སླད་ཕྱིན་གྱི་སྲུང་སྐྱོང་དོ་དམ་བྱེད་པའི་ལས་དོན་ཁྲོད། མཚོ་སྔོན་ཨ་ཆེན་གངས་རྒྱབ་དོ་དམ་ཅུས་ཀྱིས་《འཛམ་གླིང་ཤུལ་བཞག་སྤྱི་ཆིངས་》དང་《<འཛམ་གླིང་ཤུལ་བཞག་སྤྱི་ཆིངས>ལག་བསྟར་བཀོལ་སྤྱོད་ཕྱོགས་སྟོན་》གྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས། སྲུང་སྐྱོང་གི་འདུ་ཤེས་ལ་ཤུགས་སྣོན་རྒྱག་པ་དང་། སྲུང་སྐྱོང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། དོ་དམ་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་བ། མིག་འབྲས་ལྟར་རང་བྱུང་ཤུལ་བཞག་ཁུལ་གྱི་རི་ཆུ་ལ་སྲུང་སྐྱོང་དང་། ཚེ་སྲོག་ལྟར་རང་བྱུང་ཤུལ་བཞག་ཁུལ་གྱི་རྩྭ་རྐང་གཅིག་དང་ཤིང་རྐང་གཅིག་ལ་གཅེས་སྐྱོང་། ནུས་ཤུགས་ཡོད་རྒུས་མིའི་རིགས་ཐུན་མོང་གི་རང་བྱུང་ཤུལ་བཞག་ཁུལ་ལ་སྲུང་སྐྱོང་ཡག་པོ་དང་། སེམས་ཤུགས་གཅིག་སྒྲིལ་གྱིས་མཛེས་སྡུག་ལྡན་པའི་ལྷད་མེད་དྭངས་གཙང་གི་ཨ་ཆེན་གངས་རྒྱབ་ལ་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ཡིན་ཅེས་བརྗོད།

རྩོམ་སྒྲིག་པ། (པདྨ་མཚོ།)