དབུ་ཤོག >> སྐབས་དོན་གསར་འགྱུར། >> རྒྱལ་ཕྱི་ནང་གསར་འགྱུར།
རང་རྒྱལ་གྱིས་གྲོང་གསེབ་ཀྱི་མཉམ་སྡེབ་ཐོན་དབང་ལམ་ལུགས་སྒྱུར་བཅོས་ཚོད་ལྟ་བྱེད་རྒྱ་ཆེ་རུ་གཏོང་རྒྱུ་ཡིན་པ།
རྩོམ་པ་པོ། མི་གསལ། དུས་ཚོད། 2018-06-22 རྩོམ་ཁུངས། མི་དམངས་དྲ་བ། ཀློག་གྲངས། 3839

    ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་ལྟར་གྲོང་གསེབ་སྒྱུར་བཅོས་ཀྱི“ཁྱབ་རྒྱ་ཆེ་རུ་དང་། མྱུར་ཚད་མགྱོགས་སུ། བསྡུ་སྒྲིལ”བཅས་ཀྱི་སྤྱིའི་བླང་བྱ་གཞིར་བཟུང་། རང་རྒྱལ་གྱིས་གྲོང་གསེབ་ཀྱི་མཉམ་སྡེབ་ཐོན་དབང་ལམ་ལུགས་སྒྱུར་བཅོས་ཚོད་ལྟ་འདི་ལོ་སྔར་བས་ཁྱབ་རྒྱ་ཆེ་རུ་གཏོང་རྒྱུ་ཡིན་པ་རེད། ཚེས་19ཉིན་ཞིང་ལས་དང་གྲོང་གསེབ་པུའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཅི་ལིན་དང་། ཅང་སུའུ། ཧྲན་ཏུང་བཅས་ཞིང་ཆེན་3དང་། ཧོ་པེ་ཞིང་ཆེན་ཧྲི་ཅ་ཀྲོང་སོགས་ས་ཁུལ་དང་གྲོང་ཁྱེར་50 ཐེན་ཅིན་གྲོང་ཁྱེར་ཝུའུ་ཅིང་ཆུས་སོགས་རྫོང(གྲོང་ཁྱེར་དང་ཆུས)150བཅས་ནི་2018ལོའི་གྲོང་གསེབ་ཀྱི་མཉམ་སྡེབ་ཐོན་དབང་ལམ་ལུགས་སྒྱུར་བཅོས་ཚོད་ལྟའི་ཚན་པ་ཡིན་པ་རེད།
   གྲོང་གསེབ་ཀྱི་མཉམ་སྡེབ་ཐོན་དབང་ལམ་ལུགས་སྒྱུར་བཅོས་ལ་གཟབ་ནན་དང་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་རྒྱུའི་འགན་ལེན་བྱས་ནས་དུས་བཀག་ལྟར་སྒྱུར་བཅོས་ཀྱི་ལས་འགན་ཁག་ལེགས་གྲུབ་ཡོང་བ་བྱ་ཆེད། ཉེ་ཆར་ཞིང་ལས་དང་གྲོང་གསེབ་པུའུ་དང་། ཀྲུང་གོ་མི་དམངས་དངུལ་ཁང་། རྒྱལ་ཁབ་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་བཅས་ཀྱིས་《གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཀྱི་ཐོ་འགོད་དང་ཐོན་རྫས་རེ་ལ་མཚོན་རྟགས་རེ་ཡོད་པའི་ལས་དོན་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ་》པར་འགྲེམས་བྱས་པ་དང་། ཞིང་ལས་དང་གྲོང་གསེབ་པུས་《གྲོང་གསེབ་ཀྱི་མཉམ་སྡེབ་ཐོན་དབང་ལམ་ལུགས་སྒྱུར་བཅོས་ཀྱི་གཙོ་གནད་ལས་དོན་གྱི་དུས་བཀག་སྙན་ཞུའི་ལམ་ལུགས་འཛུགས་རྒྱུའི་སྐོར་གྱི་བརྡ་ཐོ་》པར་འགྲེམས་བྱས་པ་རེད།
   གྲོང་གསེབ་ཀྱི་མཉམ་སྡེབ་ཐོན་དབང་ལམ་ལུགས་སྒྱུར་བཅོས་བྱེད་རྒྱུ་ནི་ཏང་ཀྲུང་དབྱང་གིས་བཏོན་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་དང་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པའི་དམ་འཛིན་བྱ་གཞི་ནུས་ལྡན་ཞིག་རེད། དེ་ནི་གྲོང་གསེབ་བཅོས་སྒྲིག་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། ཞིང་པའི་ཁེ་དབང་འགན་ལེན་བྱེད་རྒྱུ། གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་མངོན་འགྱུར་བྱེད་སྟངས་དང་འཁོར་སྐྱོད་ལམ་སྲོལ་གསར་པ་ཞིག་ཆགས་རྒྱུར་འཚོལ་ཞིབ་བྱེད་རྒྱུ་བཅས་ཀྱི་ངོས་ནས་བརྗོད་ན་གལ་འགངས་ཤིན་ཏུ་ཆེ་བའི་དོན་སྙིང་ལྡན་ཡོད། སྒྱུར་བཅོས་དེའི་འཕེལ་རིམ་བརྟན་པ་དང་གྲུབ་འབྲས་མངོན་གསལ་དོད་པོ་ཡོད། མིག་སྔར་རྒྱལ་ཡོངས་སུ་སྲིད་འཛིན་གྲོང་ཚོ་དང་ཚོགས་ཆུང་ཁྲི་13ལྷག་ཙམ་ལ་གྲོང་གསེབ་ཀྱི་མཉམ་སྡེབ་ཐོན་དབང་ལམ་ལུགས་ཀྱི་སྒྱུར་བཅོས་ལེགས་གྲུབ་བྱུང་ནས་གཏན་འཁེལ་བྱས་པའི་མཉམ་སྡེབ་ཀྱི་ཁོངས་མི་དུང་ཕྱུར་1ལྷག་ཙམ་ཟིན་ཡོད་པ་རེད།
    ཚོད་ལྟ་བྱེད་རྒྱ་ཆེ་རུ་གཏོང་རྒྱུ་ནི་གྲོང་གསེབ་ཀྱི་མཉམ་སྡེབ་ཐོན་དབང་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་རེད། 2016ལོའི་ཟླ་12པར་ཀྲུང་དབྱང་གིས་《གྲོང་གསེབ་ཀྱི་མཉམ་སྡེབ་ཐོན་དབང་ལམ་ལུགས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་བརྟན་པོ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་》པར་འགྲེམས་བྱས་ནས་སྔོན་ལ་ཚོད་ལྟ་བྱས་ཏེ་རིམ་བཞིན་ཁྱབ་གདལ་གཏོང་དགོས་ལུགས་ཁ་གསལ་བཏོན་ཞིང་། མིག་སྔའི་བར་ཞིང་ལས་དང་གྲོང་གསེབ་པུའུ་དང་ཀྲུང་དབྱང་གྲོང་གསེབ་ལས་དོན་གཞུང་ལས་ཁང་གིས་ཚོད་ལྟ་ཁག་གསུམ་སྒྲིག་འཛུགས་བྱས་པ་དང་། ཁག་དང་པོའི་ཚོད་ལྟ་ནི་2015ལོར་ཞིང་ལས་པུའུ་དང་། ཀྲུང་དབྱང་གྲོང་གསེབ་ལས་དོན་གཞུང་ལས་ཁང་། རྒྱལ་ཁབ་ནགས་ལས་ཅུས་བཅས་ཀྱིས་རྫོང(གྲོང་ཁྱེར་དང་ཆུས)29ལ་གྲོང་གསེབ་ཀྱི་མཉམ་སྡེབ་རྒྱུ་ནོར་མ་རྐང་དབང་ནུས་སྒྱུར་བཅོས་ཚོད་ལྟ་བྱ་རྒྱུའི་གཏན་འཁེལ་བྱས་པ་དང་། སྒྱུར་བཅོས་ཚོད་ལྟའི་ལས་འགན་དེ་ནི་ན་ནིང་ལོ་མཇུག་ཏུ་ལེགས་གྲུབ་བྱུང་བ་དང་། ཁག་གཉིས་པའི་ཚོད་ལྟ་ནི་2017ལོར་ཞིང་ལས་པུའུ་དང་ཀྲུང་དབྱང་གྲོང་གསེབ་ལས་དོན་གཞུང་ལས་ཁང་གིས་རྫོང་100ལ་གྲོང་གསེབ་ཀྱི་མཉམ་སྡེབ་ཐོན་དབང་ལམ་ལུགས་སྒྱུར་བཅོས་ཚོད་ལྟ་བྱ་རྒྱུའི་གཏན་འཁེལ་བྱས་པ་དང་། ཚོད་ལྟའི་དུས་འཁོར་ལོ་གཉིས་ཡིན་པ་དང་འདི་ལོའི་ཟླ་10པའི་ཟླ་མཇུག་ཏུ་ལེགས་གྲུབ་ཟིན་རྒྱུ་ཡིན་པ། ཁག་གསུམ་པའི་ཚོད་ལྟ་ནི་འདི་ལོ་ཁྱབ་རྒྱ་སྔར་བས་ཆེ་རུ་གཏོང་རྒྱུའི་སྒྱུར་བཅོས་ཚོད་ལྟ་ཡིན་པའི་ནང་ཅི་ལིན་དང་། ཅང་སུའུ། ཧྲན་ཏུང་བཅས་གསུམ་གྱི་ཞིང་ཆེན་ཧྲིལ་པོར་ཚོད་ལྟ་བྱ་རྒྱུ་དང་། ས་ཁུལ་རིམ་པའི་གྲོང་ཁྱེར་50ལ་གྲོང་ཁྱེར་ཧྲིལ་པོར་ཚོད་ལྟ་བྱ་རྒྱུ། རྫོང་རིམ་པའི་སྲིད་འཛིན་ཚན་པ་150ལ་རྫོང་ཧྲིལ་པོར་ཚོད་ལྟ་བྱ་རྒྱུ་བཅས་ཚུད་ཡོད། ཚོད་ལྟ་ཁག་གསུམ་བསྣན་ན་ཁྱོན་བསྡོམས་རྫོང་རིམ་པའི་སྲིད་འཛིན་ཚན་པ་དང་འབྲེལ་བ་ཡོད་པའི་ཚན་པ་1000ཙམ་ཡོད་པ་རེད། གཞན་ཡང་ཞིང་ཆེན་ཁག་གཅིག་གིས་ད་དུང་ཞིང་ཆེན་རིམ་པའི་ཚོད་ལྟའི་རྫོང་266གཏན་འཁེལ་བྱས་པ་རེད།
    ཀྲུང་དབྱང་གི་བཀོད་སྒྲིག་གཞིར་བཟུང་། གྲོང་གསེབ་ཀྱི་མཉམ་སྡེབ་ཐོན་དབང་ལམ་ལུགས་སྒྱུར་བཅོས་ཐད་གྲོང་གསེབ་ཀྱི་མཉམ་སྡེབ་ཐོན་དབང་གི་ཐོན་རྫས་གཙང་བཤེར་དང་མ་དངུལ་རྩིས་བཤེར་བྱེད་རྒྱུ་དང་གཉེར་སྐྱོང་རང་བཞིན་གྱི་རྒྱུ་ནོར་མ་རྐང་མཉམ་ལས་ལམ་ལུགས་སྒྱུར་བཅོས་བྱེད་རྒྱུའི་གཙོ་གནད་ལས་འགན་ཆེན་པོ་གཉིས་ལ་དམིགས་རྒྱུ་ཡིན་པ་རེད།
    གྲོང་གསེབ་ཀྱི་མཉམ་སྡེབ་ཐོན་དབང་གི་ཐོན་རྫས་གཙང་བཤེར་དང་མ་དངུལ་རྩིས་བཤེར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། 2016ལོའི་ལོ་མཇུག་ཏུ་རྒྱལ་ཡོངས་ཀྱི་གྲོང་གསེབ་ཀྱི་མཉམ་སྡེབ་རྩིས་ཐོའི་ནང་གི་མ་རྩ་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་3.1དང་གྲོང་ཚོར་ཆ་སྙོམས་སྒོར་ཁྲི་555.4ཡོད་པ་རེད། འདི་ལོའི་ཟླ་5པའི་ཟླ་མཇུག་བར་རྒྱལ་ཡོངས་ཀྱི་གྲོང་མི་ཚོགས་ཆུང་ཁྲི་16.4དང་། སྲིད་འཛིན་གྲོང་ཚོ་ཁྲི་4.4 ཤང་དང་གྲོང་རྡལ་1141བཅས་ལ་ཐོན་རྫས་གཙང་བཤེར་དང་མ་དངུལ་རྩིས་བཤེར་བྱེད་པའི་ལས་དོན་ལེགས་གྲུབ་ཟིན་པ་དེའི་ནང་རྫོང་41ལ་ལེགས་གྲུབ་ཟིན་པ་དང་། ཉེ་ཆར་མ་ལག་ནང་གི་རེའུ་མིག་བཀོད་པ་དང་འབྲེལ་གྲངས་གཞི་སྲུང་སྐྱེལ་ཡང་བྱས་ཡོད། ཀྲུང་དབྱང་གི་བླང་བྱ་གཞིར་བཟུང་། ཐོན་རྫས་གཙང་བཤེར་དང་མ་དངུལ་རྩིས་བཤེར་བྱེད་པའི་ལས་དོན་ལ་2017ལོ་ནས་བཟུང་རིམ་བཞིན་སྐུལ་འདེད་བཏང་ཡོད། 2019ལོའི་ལོ་མཇུག་བར་ལོ་3གྱི་དུས་ཡུན་སྤྱད་དེ་སྒྱུར་བཅོས་ཀྱི་ལས་འགན་གལ་ཆེན་འདི་ལེགས་སྒྲུབ་བྱ་རྒྱུ་ཡིན་པ་རེད།
    གཉེར་སྐྱོང་རང་བཞིན་གྱི་རྒྱུ་ནོར་མ་རྐང་མཉམ་ལས་ལམ་ལུགས་སྒྱུར་བཅོས་ལ་འཕེལ་རིམ་གལ་ཆེན་ཐོབ་པ་དང་། འདི་ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་བླང་བྱ་གཞིར་བཟུང་། ལོ་5ཡི་དུས་ཡུན་རིང་མ་རྐང་མཉམ་ལས་ལམ་ལུགས་སྒྱུར་བཅོས་གཞི་རྩའི་ཆ་ནས་ལེགས་གྲུབ་ཡོང་རྒྱུའི་བརྩོན་ལེན་བྱས་ཏེ་ཐོབ་ཐང་ངོས་འཛིན་དང་མ་རྐང་ཚད་འབེབས་བྱ་རྒྱུ་ཡིན་ཞིང་། མིག་སྔའི་བར་རྒྱལ་ཡོངས་སུ་ཁྱོན་གྲོང་ཚོ་ཁྲི་23.8དང་གྲོང་མི་ཚོགས་ཆུང་ཁྲི་75.9ལ་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་བཙུགས་པ་དེས་གྲོང་ཚོའི་བསྡོམས་འབོར་གྱི་40.7%ཟིན་པ་དང་གྲོང་མི་ཚོགས་ཆུང་གིས་བཟུང་བའི་བསྡུར་གྲངས་ཀྱི་15%ལྷག་ཙམ་ཟིན་ཡོད། དེ་དང་ཆབས་ཅིག་གྲོང་ཚོ་ཚོགས་ཆུང་ཁྲི་13ལྷག་ཙམ་ལ་ཐོན་དབང་ལམ་ལུགས་སྒྱུར་བཅོས་བྱས་པ་བརྒྱུད། གྲོང་ཚོའི་མཉམ་སྡེབ་མ་རྩ་མ་རྐང་དུ་ཕབ་པ་དང་ཚད་འབེབས་བྱས་ཏེ་མ་རྐང་དཔལ་འབྱོར་གྱི་མཉམ་ལས་ཁང་འཛུགས་རྒྱུ་ཡིན་པ་རེད།

རྩོམ་སྒྲིག་པ། (པདྨ་མཚོ།)