དབུ་ཤོག >> སྐབས་དོན་གསར་འགྱུར། >> ས་གནས་གསར་འགྱུར།
དབྱི་སི་རལ་གྱི་ཀྲུང་གོར་བཅའ་སྡོད་གཞུང་ཚབ་ཆེ་མོས་བདེ་ཆེན་དུ་མཚམས་འདྲིར་ཕེབས་པ།
རྩོམ་པ་པོ། མི་གསལ། ཡིག་བསྒྱུར། པདྨ་མཚོ། དུས་ཚོད། 2018-06-28 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 1429

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ6པའི་ཚེས22ཉིན་ནས་ཚེས24ཉིན་བར། དབྱི་སི་རལ་གྱི་ཀྲུང་གོར་བཅའ་སྡོད་གཞུང་ཚབ་ཆེ་མོ་བ་ཧོ་ཙེ་ཝེ་བདེ་ཆེན་དུ་བརྟག་དཔྱད་ལྟ་ཞིབ་དུ་ཕེབས་པ་རེད།
         ཟླ6པའི་ཚེས22ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཆི་ཅན་ཞིན་གྱིས་དབྱི་སི་རལ་གྱི་ཀྲུང་གོར་བཅའ་སྡོད་གཞུང་ཚབ་ཆེ་མོ་བ་ཧོ་ཙེ་ཝེ་དང་ཐུག་པ་མ་ཟད། ཕྱོགས་གཉིས་ཀྱིས་མཛའ་བརྩེ་སྲ་བརྟན་དང་ཕྱོགས་གཉིས་པོས་མཛའ་གྲོགས་སྲ་བརྟན་གཏོང་དང་བརྗེ་རེས་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བར་གྲོས་མོལ་ཚོགས་འདུ་འཚོགས་པ་རེད།
         ཆི་ཅན་ཞིན་གྱིས་བདེ་ཆེན་གྱི་གནས་ཚུལ་དང་། དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་གནས་ཚུལ་ངོ་སྤྲོད་བྱས་ནས། ཕྱི་ཕྱོགས་སུ་སྒོ་འབྱེད་དང་མཉམ་ལས་ཀྱི་བསམ་འདུན་བསྟན་པ་རེད།    ཧོ་ཙེ་ཝེ་ཡིས་བདེ་ཆེན་གྱི་བཅོས་སྒྱུར་སྒོ་འབྱེད་དང་སྐྱེ་ཁམས་སྲུང་སྐྱོང་། སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་སོགས་ཀྱི་ཐད་བླངས་པའི་གྲུབ་འབྲས་ལ་གདེང་འཇོག་ཆེན་མོ་བྱས་པ་རེད།    

རྩོམ་སྒྲིག་པ། (པདྨ་མཚོ། )