དབུ་ཤོག >> སྐབས་དོན་གསར་འགྱུར། >> ས་གནས་གསར་འགྱུར།
གཟའ་འཁོར་གཅིག་གི་གལ་ཆེའི་གསར་འགྱུར།
རྩོམ་པ་པོ། མི་གསལ། ཡིག་བསྒྱུར། པདྨ་མཚོ། དུས་ཚོད། 2018-06-28 རྩོམ་ཁུངས། སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ། ཀློག་གྲངས། 1631

        ★ཟླ6པའི་ཚེས20ཉིན་གྱི་ཕྱི་དྲོར། ཁུལ་ཨུའི་ཧྲུའུ་ཅི། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཀུའུ་ཁུན་གྱིས་སྣེ་ཁྲིད་དེ་ཞིང་ཆེན་དབུལ་སྐྱོར་གཞུང་ལས་ཁང་དུ་སྣེ་མཐུད་ལས་ཀ་སྐོར་གྱི་སྙན་ཞུ་བྱས་པ་རེད། གྲོས་ཚོགས་ཐོག་ཞིང་ཆེན་དབུལ་སྐྱོར་གཞུང་ལས་ཁང་གི་ཀྲུའུ་རེན་ཧོང་ཡུན་པའོ་ཡིས་ནན་ཏན་གྱིས་སྙན་ཞུ་ལ་གསན་རྗེས། བདེ་ཆེན་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་ཀར་གདེང་འཇོག་ཚད་མཐོ་བྱིན་པ་མ་ཟད། བདེ་ཆེན་གྱི་དབུལ་སྒྲོལ་འགག་སྒྲོལ་ལས་ཀའི་ཁྲོད་གནས་པའི་དཀའ་ཁག་དང་གནད་དོན་ལ་རྒྱབ་སྐྱོར་དང་རོགས་རམ་བྱེད་རྒྱུ་ཡིན་པ་དང་།  བདེ་ཆེན་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གོམ་སྟབས་རྗེས་མའི་ལས་ཀ་དེ་ཐོན་ལས་བཀོད་སྒྲིག་བྱེད་ཚུལ་དང་གནད་ཁེལ་ངོས་འཛིན། དབུལ་བྲལ་ཞིབ་བཤེར་ཚད་ལེན་སོགས་ཀྱི་ཐད་མཛུབ་ཁྲིད་བསམ་འཆར་བཏོན་པ་རེད།
         ★ཟླ6པའི་ཚེས21ཉིན་ནས་ཚེས22ཉིན། ཞིང་ཆེན་རྒྱལ་ཁོངས་ཐོན་ཁུངས་ཀྱི་ཏང་ཨུའི་ཧྲུའུ་ཅི། ཐིང་ཀྲང་ལིའུ་ཅ་ཁྲེན་གྱིས་རང་ཁུལ་དུ་བརྟག་དཔྱད་བྱེད་སྐབས་ཞིང་ཆེན་རྒྱལ་ཁོངས་ཐོན་ཁུངས་ཐིང་གིས་འབྲེལ་ཡོད་སྲིད་ཇུས་དང་མ་དངུལ་ཡག་པོ་སྤྱོད་པ་དང་འདང་ངེས་བཞིན་སྤྱོད་པ། ཤུགས་ཡོངས་ཀྱིས་བདེ་ཆེན་བོད་ཁུལ་མི་དམངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་ཀ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལས་དོན་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ནས། བདེ་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་མུ་མཐུད་དུ་བདེ་ཐང་ངང་འཕེལ་རྒྱས་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་འགན་ལེན་ལས་དོན་ཡག་པོ་སྒྲུབ་པ་དགོས་ཞེས་ནན་གྱིས་བསྟན་པ་རེད།
         ★ཟླ6པའི་ཚེས21ཉིན། ཡུན་ནན་ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དབྱང་ཡང་གིས་སྣེ་ཁྲིད་དེ་མི་9དང་བཅས་པར་རང་ཁུལ་དུ་བདེ་ཐང་དབུལ་སྐྱོར་ལས་དོན་ལ་བརྟག་དཔྱད་ཞིབ་འཇུག་བྱེད་པར་ཕེབས་པ་མ་ཟད། ཡུན་ནན་ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་གྱིས་བདེ་ཆེན་གྱི་བདེ་ཐང་དབུལ་སྐྱོར་ལས་དོན་ལ་བརྟག་དཔྱད་ཞིབ་འཇུག་བྱེད་པའི་སྙན་ཞུ་སྐོར་གྱི་ཚོགས་འདུ་འཚོགས་པ་རེད། བརྟག་དཔྱད་བྱས་པ་བརྒྱུད། ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་དང་བདེ་ཆེན་ཁུལ་མི་དམངས་སྲིད་གཞུང་གིས་གོམ་གང་མདུན་སྤོས་ཀྱིས་བདེ་ཆེན་ཁུལ་གྱི་བདེ་ཐང་དབུལ་སྐྱོར་གྱི་བསམ་ཕྱོགས་སྔར་ལས་ཁ་གསལ་དུ་བཏང་ནས། དེང་ཕྱིན་བདེ་ཐང་དབུལ་སྐྱོར་གྱི་གཙོ་གནད་དང་དཀའ་གནད།མདོ་ཚེག་ལས་དོན་ཁ་གསལ་བྱས་ནས། ཁྱོན་ཡོངས་ནས་བདེ་ཆེན་གྱི་བདེ་ཐང་དབུལ་སྐྱོར་ལས་དོན་ལ་སྐུལ་འདེད་བཏང་བ་རེད།      

རྩོམ་སྒྲིག་པ། (པདྨ་མཚོ།)