དབུ་ཤོག >> སྐབས་དོན་གསར་འགྱུར། >> རྒྱལ་ཕྱི་ནང་གསར་འགྱུར།
ཟླ་7པ་ནས་འགྱུར་ལྡོག་འགྲོ་བའི་ཁྱེད་ཀྱི་དངུལ་ཁུག་དང་འབྲེལ་བ་ཡོད་པའི་དོན་ལ་གཟིགས
རྩོམ་པ་པོ། མི་གསལ། དུས་ཚོད། 2018-07-02 རྩོམ་ཁུངས། མི་དམངས་དྲ་བ། ཀློག་གྲངས། 1926

     གཅིག རྒན་གསོའི་དངུལ་ཀྲུང་དབྱང་གིས་སྙོམས་སྒྲིག་ལག་བསྟར་བྱེད་པ།    
     ཟླ་7པ་ནས་བཟུང་། རྒན་གསོའི་དངུལ་ལ་འགྱུར་ལྡོག་ཆེན་པོ་ཡོད་པ་སྟེ། ས་གནས་སོ་སོའི་རྒན་གསོའི་དངུལ་དུས་ལྟར་འདང་ངེས་སྤྲོད་རྒྱུར་སྔར་བས་འགན་སྲུང་ཡོད་པ།
     ཟླ་6ཚེས་13ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《ཁེ་ལས་ཀྱི་ལས་བཟོའི་གཞི་རྩའི་རྒན་གསོ་འགན་བཅོལ་ཐེབས་རྩའི་ཐད་ཀྱི་ཀྲུང་དབྱང་གིས་སྙོམ་སྒྲིག་ལམ་ལུགས་འཛུགས་རྒྱུའི་སྐོར་གྱི་བརྡ་ཐོ་》དཔར་འགྲེམས་བྱས་པ་ལས། རྒན་གསོ་འགན་བཅོལ་ཐེབས་རྩའི་ཐད་ཀྲུང་དབྱང་གིས་སྙོམས་སྒྲིག་ལམ་ལུགས་འཛུགས་རྒྱུ་ཐག་བཅད་པ་མ་ཟད།  2018ལོའི་ཟླ་7ཚེས་1ཉིན་ལག་བསྟར་བྱ་རྒྱུ་ཡིན་པ་རེད།
      གཉིས། སྒོ་ཁྲལ་འདི་ཚོ་མར་བཅགས་པ།
       རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒོ་ཁྲལ་ཁྲལ་སྲོལ་ཨུ་ཡོན་ལྷན་ཁང་གིས་ཟླ་5ཚེས་22ཉིན་སྤྱི་བསྒྲགས་སྤེལ་བ་སྟེ། 2018ལོའི་ཟླ་7ཚེས་1ཉིན་ནས་བཟུང་། སྒོ་ཁྲལ་སོ་སོ་25%、20%ཡིན་པའི་རླངས་འཁོར་གྱི་ལྷུ་ལག་ཆ་ཚང་གི་སྒོ་ཁྲལ་15%བར་དུ་བཅགས་པ་དང་། སྒོ་ཁྲལ་བཅགས་ཚད་སོ་སོ་40%、25%ཡིན་པ་རེད།  སྒོ་ཁྲལ་ནི་སོ་སོར་8%、10%、15%、20%、25%ཡིན་པའི་རླངས་འཁོར་གྱི་ལྷུ་ལག་ཆེ་ཆུང་གི་སྒོ་ཁྲལ་6%བར་དུ་བཅགས་པ་དང་། ཆ་སྙོམས་ངང་སྒོ་ཁྲལ་གཅོག་ཚད་དེ་46%ཡིན་པ་རེད།
     ཟླ་5ཚེས་31ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒོ་ཁྲལ་ཁྲལ་སྲོལ་ཨུ་ཡོན་ལྷན་ཁང་གིས་སྤྱི་བསྒྲགས་སྤེལ་ནས། 2018ལོའི་ཟླ7ཚེས་1ཉིན་ནས་བཟུང་། རྒྱུན་མཁོའི་འཛད་རྫས་ཀྱི་རྒྱལ་ཁྲལ་གྱི་ཕན་པ་མཐོ་ཤོས་ནི།  ཁྲལ་གྱི་རྣམ་གྲངས་1449དང་འབྲེལ་བ་ཡོད་པ་དང་། ས་སྙོམས་ཀྱི་ཁྲལ་ཚད་15.7%ནས་6.9%བར་དུ་བཅགས་པ་དང་། ས་སྙོམས་གཅོག་ཚད་ནི་55.9%ཡིན་པ་རེད།
     ཞིབ་ཕྲའི་ཐོག་ནས་བལྟས་ན། རྒྱན་གོས་དང་ལྷམ། ཞྭ་མོ། ཐབ་ཚང་དང་ལུས་རྩལ་གྱི་སྤྱོད་ཆས་སོགས་ནང་འདྲེན་བྱས་པའི་སྒོ་ཁྲལ་ཆ་སྙོམས་15.9%ནས་7.1%བར་དུ་བཅགས་པ་དང་། གོས་འཁྲུ་འཕྲུལ་ཆས་དང་འཁྱག་སྒམ་སོགས་ཁྱིམ་སྤྱོད་གློག་ཆས་ཀྱི་སྒོ་ཁྲལ་ཆ་སྙོམས་20.5%ནས་8%བར་དུ་བཅགས་པ་རེད། གསོ་སྤེལ་གྱི་རིགས་དང་འཛིན་འདོན་རིགས། ཆུ་ཐོན་དངོས་རྫས་སོགས་ཀྱི་ལས་སྣོན་ཟས་རིགས་ནང་འདྲེན་གྱི་སྒོ་ཁྲལ་15.2%ནས་6.9%བར་དུ་བཅགས་པ་རེད། གོས་འཁྲུད་སྤྱོད་ཆས་དང་གདོང་རྫས། སྐྲ་མཛེས་བཟོ་སོགས་མཛེས་རྫས། དེ་བཞིན་སྨན་སོགས་བདེ་ཐང་རིགས་ཀྱི་ཐོན་རྫས་ཀྱི་སྒོ་ཁྲལ་ཆ་སྙོམས་8.4%ནས་2.9%བར་དུ་བཅགས་པ་རེད། ལག་ཐོགས་ཁ་པར་གྱི་བཞུར་ཚད་དང་འཁྱམས་སྤྱོད་གླ་ལོ་རྒྱུས་སུ་གྱུར་བ།
     ཟླ་7ཚེས་1ཉིན་ནས་བཟུང་རྒྱལ་ནང་གི་ལག་ཐོགས་ཁ་པར་གྱི་བཞུར་ཚད་དང་འཁྱམས་སྤྱོད་གླ་མེད་པ་བཟོ་རྒྱུ་དང་། ལག་ཁྱེར་ཁ་པར་གྱི་ཞིང་ཆེན་ནང་ཁོངས་ཀྱི་བཞུར་ཚད་དེ་རྒྱལ་ནང་གི་བཞུར་ཚད་དུ་སྤར་བ་རེད།
     གསུམ། སློབ་གཉེར་བརྒྱུད་རིམ་དང་སློབ་རིམ་བདེན་དཔང་ར་སྤྲོད་ལ་རིན་པ་སྤྲོད་མི་དགོས་པ།     
     ཟླ་6ཚེས་27ཉིན། སློབ་གསོ་པུའུ་སོགས་སྡེ་ཁག་གསུམ་གྱིས་པར་འགྲེམས་བྱས་པའི་བརྡ་ཐོ་ལས། ད་ལོའི་ཟླ་7ཚེས་1ཉིན་ནས་བཟུང་། ཁྱོན་ཡོངས་ནས་རྒྱལ་ནང་གི་མཐོ་སློབ་སློབ་གསོའི་སློབ་གཉེར་བརྒྱུད་རིམ་དང་སློབ་རིམ་བདེན་དཔང་ར་སྤྲོད་ཞབས་ཞུའི་རིན་པ་མེད་པ་བཟོ་རྒྱུ་ཐག་བཅད་པ་རེད།

རྩོམ་སྒྲིག་པ། (པདྨ་མཚོ།)