དབུ་ཤོག >> སྐབས་དོན་གསར་འགྱུར། >> ས་གནས་གསར་འགྱུར།
མདོ་དབུས་མཐོ་སྒང་ན་འཚོ་བའི་རི་བོང་ངོ་སྤྲོད།
རྩོམ་པ་པོ། མི་གསལ། དུས་ཚོད། 2018-07-04 རྩོམ་ཁུངས། མཚོ་སྔོན་པོའི་དྲ་བ། ཀློག་གྲངས། 888

གཟུགས་གཞིའི་ཁྱད་ཆོས།
     རི་བོང་གི་གཟུགས་གཞིའི་རིང་ཚད་ལ་ལིས་སྨིས45ནས་ལིས་སྨིས50དང་། ལུས་ཀྱི་ལྗིད་ཚད་ལ་སྤྱི་རྒྱ2ནས་སྤྱི་རྒྱ3ཡོད། རྣ་གཤོག་རྐང་སུག་ལས་ཀྱང་རིང་བ་རེད། མཆུ་ཞེང་ཆེ་ལ་རྔ་མ་ཧ་ཅང་ཐུང་། དབྱར་ཐོག་རྒྱབ་གཞུང་གི་སྤུ་མདོག་ནི་སེར་སྐྱ་ཞིག་ཡིན་ལ། དགུན་ཐོག་རྒྱབ་གཞུང་གི་སྤུ་མདོག་ལ་སྐྱ་ཤས་ཆེ། སྤུ་རིང་ཞིང་སོབ་སོབ་ཅིག་ཡིན་པ་དང་གྲ་རྟིང་ཧ་ཅང་མཐུག
ཁྱབ་ཡུལ།
     རང་རྒྱལ་གྱི་མདོ་དབུས་མཐོ་སྒང་དང་ས་ཆ་གཞན་དག་ན་གནས་འདུག
འཚོ་བའི་གོམས་གཤིས་དང་འཚོ་གནས་ཁོར་ཡུག
     མདོ་དབུས་མཐོ་སྒང་དུ་རི་བོང་ནི་མཚོ་ངོས་ལས་སྨིས2700ནས་སྨིས5200ཡི་ས་ན་འཚོ་ཞིང་གནས་ཡོད། སྤང་རི་དང་རྩྭ་ཐང་། ཁུགས་གཞུང་། ཐང་ཡངས། ནགས་ཚལ། རྩྭ་རྫུབས་སོགས་ན་གནས་འདུག  རི་བོང་ཉིན་དཀར་གཉིད་ལོག་པ་དང་། མཚན་མོར་རྒྱུ་བ་ཞིག་ཡིན། ཁ་ཟས་གཙོ་བོ་ནི་སྤང་རྩྭ་ཡིན་ལ། རྩི་ཤིང་གཞན་དག་གི་འབྲུ་དང་མྱུག་ཕྲན་སོགས་ཀྱང་ཟ་བ་ཡིན། ཚང་མལ་ནི་འཕྱི་ཁུང་དང་གད་འོག་སོགས་ན་བཅོས་ཡོད། ཟླ5བའི་ནང་དུ་སྐྱེ་འཕེལ་བྱེད་པ་དང་། ལོ་རེར་ཕྲུ་གུ་ཐེངས་རེར་བཙའ་ཞིང་ཐེངས་རེར་ཕྲུ་གུ4ནས་ཕྲུ་གུ5རེ་བཙའ་སྲིད།
སྲུང་སྐྱོབ་བྱེད་པའི་དོན་སྙིང་།
     མདོ་དབུས་མཐོ་སྒང་ནི་རི་བོང་ཤིན་ཏུ་མང་ས་ཞིག་ཡིན། རི་བོང་གི་ཀླད་པ་དང་རི་བོང་གི་སྙིང་། རི་བོང་གི་འོ་མ་སོགས་བོད་སྨན་དུ་འགྲོ་བ་རེད། རི་བོང་གི་གཟུགས་གཞི་ཆེ་ཞིང་ཤ་ཞིམ་པ་དང་བཅུད་སྣ་མང་བོ་འཛོམས་པས་ན། བེད་སྤྱོད་བྱེད་རིན་ཡོད་པའི་རི་སྐྱེས་སྲོག་ཆགས་ཤིག་ཡིན་པར་མ་ཟད། གཅན་གཟན་མང་བོ་ཞིག་གི་ཁ་ཟས་གཙོ་བོ་ཡིན་པས། མཐོ་སྒང་ས་ཁུལ་གྱི་སྐྱེ་དངོས་དོ་མཉམ་ཡོང་བར་བྱེད་ནུས་གལ་ཆེན་འདོན་བཞིན་ཡོད་པ་རེད།
ད་ཡོད་གནས་བབ།
     རི་བོང་གི་ཐོན་ཁུངས་འདོན་སྤེལ་མ་བྱས་པར་བརྟེན། མདོ་དབུས་མཐོ་སྒང་ན་རི་བོང་གི་གྲངས་ཀ་ཅུང་མང་བོ་ཡོད།

རྩོམ་སྒྲིག་པ། (པདྨ་མཚོ།)