དབུ་ཤོག >> སྐབས་དོན་གསར་འགྱུར། >> ས་གནས་གསར་འགྱུར།
ཟླ7པར་སྨན་རིའི་འདབས་ནས་རིག་རྩལ་རྒྱས་སྟོན་ཞིག་སྤེལ་རྒྱུ་རེད།
རྩོམ་པ་པོ། མི་གསལ། དུས་ཚོད། 2018-07-05 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 885

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།  ཟླ་7པའི་ཚེས་20ཉིན་ནས་ཚེས་22ཉིན་བར་2018ལོའི་སྐབས་དང་པོའི“སེམས་ཀྱི་ཉི་ཟླའི་སྨན་རིའི་པི་ལྦང་དུས་ཆེན་”འཇོལ་རྫོང་ནས་བསྡུ་རྒྱུ་ཡིན་ལ། ད་སྔ་གྲ་སྒྲིག་གི་ལས་ཀ་ཁག་བརྟན་འཇགས་ངང་སྤེལ་བཞིན་པའི་སྒང་ཡིན། དེའི་ཁྲོད་འགོ་ཚུགས་མཛད་སྒོའི་འཁྲབ་སྟོན་《སྨན་རིའི་གྱེས་མཛོམས་》ཞེས་པ་དེ་ཡང་བྲེལ་ཟིང་ངང་སྦྱོང་བརྡར་བྱེད་བཞིན་ཡོད། 

 

         རྒྱུས་ལོན་བྱུང་བ་ལྟར་ན།  པི་ལྦང་དུས་ཆེན་གྱི་འགོ་ཚུགས་མཛད་སྒོ་དེ་སྤྲིན་སྨུག་ཐང་ཆེན་ནས་རང་བྱུང་གི་རྒྱབ་ལྗོངས་ཅན་དང་གླུ་གར་གྱི་འཁྲབ་སྟོན་ཆེན་མོའི་《སྨན་རིའི་གྱེས་མཛོམས་》ཞེས་པ་དེ་གཟབ་རྒྱས་ངང་སྤེལ་རྒྱུ་ཡིན་ཏེ། དེས་འཇོལ་རྫོང་གི་ཡུལ་ཁོངས་ཀྱི་རང་བྱུང་དང་མི་ཆོས་ཀྱིས་འཁྲབ་སྟོན་གྱི་བརྗོད་བྱ་གཙོ་བོ་བྱེད་པ་དང་། བོད་རང་གི་སྲོལ་རྒྱུན་བྲོ་གར་གྱིས་འཁྲབ་སྟོན་གྱི་གཙོ་གནད་བཟུང་བ། རོལ་དབྱངས་ཀྱི་སྒྲིག་གཞི་བཀོལ་པའི་བྱེད་ཐབས་སྤྱད་ནས། སྤྱི་ཁོག་དང་སྙན་ངག་གི་མཛེས་པས་ཕྱུག་པའི་སྒོ་ནས་འཇོལ་རྫོང་ཇ་རྟའི་རིག་གནས་ཀྱི་རྒྱུན་རིང་རྫོགས་ལྡན་དང་གནའ་བོའི་ངོ་མཚར་བའི་ལོ་རྒྱུས་ཀྱིས་བསགས་པའི་མཛེས་པ་གཅིག་བསྡུས་ཀྱིས་མཚོན་པར་བྱེད་པ། མ་འོངས་པར་བཅངས་པའི་མཛེས་སྡུག་གི་རེ་སྨོན་ཏེ། འཇོལ་རྫོང་གྱི་མི་རིགས་སོ་སོའི་བུ་རབས་ཚ་རྒྱུད་ཀྱིས་གནའ་ནས་ད་ལྟའི་བར་ཇ་ལྟའི་རིག་གནས་ཀྱི་རྒྱུད་འཛིན་དང་འཕེལ་རྒྱས། གསར་བཏོད་བཅས་ཕྱོགས་གཅིག་ཏུ་བསྡུས་ནས་མཚོན་པར་བྱས་ཡོད་པ་རེད། 《སྨན་རིའི་་གྱེས་མཛོམས་》ཞེས་པའི་རིག་རྩལ་འཁྲབ་སྟོན་ཆེན་མོར་《ཆོས་སྒྲ་ཡིས་འཆམ་མཐུན་གྱི་དབྱངས་རྟ་བཀྲོལ་བ་》ཞེས་པ་དང་《 པི་ལྦང་གི་སྙན་འཇེབས་དབྱངས་རྟས་བདེ་སྐྱིད་ཀྱི་བྲོ་གར་འཁྲབ་པ་》སོགས་འཁྲབ་ཚན་ཁག་ལྔ་ཡོད་ལ། འཁྲབ་སྟོན་མི་གྲངས་670ཟིན་ཡོད་པ་རེད། ད་སྔ་བྲེལ་ཟིང་ངང་འཁྲབ་སྟོན་ལ་གྲ་སྒྲིག་བྱེད་བཞིན་པའི་སྒང་ཡིན།

        བྱེད་སྒོར་གཞི་རྒྱ་ཆེ་བའི་རང་བྱུང་གི་རྒྱབ་ལྗོངས་ཅན་གྱི་གླུ་གར་འཁྲབ་སྟོན་ཡོད་པ་མ་ཟད། པི་ལྦང་དུས་ཆེན་གྱི་སྐབས་སུ་ད་རུང་མགྲོན་བསུའི་དགོང་ཚོགས་དང་གཞི་རྒྱ་ཆེ་བའི་ལུས་རྩལ་བྱེད་སྒོ་“རྒྱལ་སྲས་བུམ་པ”ཞེས་པའི་སྐྱེས་པ་དང་བུད་མེད་གཉིས་ཀྱི་ལག་རྩེད་སྤོ་ལོའི་འགྲན་བསྡུར་སྤེལ་རྒྱུ་ཡིན་པ་རེད། 

 

རྩོམ་སྒྲིག་པ། (པདྨ་མཚོ། )