དབུ་ཤོག >> སྐབས་དོན་གསར་འགྱུར། >> ས་གནས་གསར་འགྱུར།
བདེ་ཆེན་གྱི་རིག་གནས་རྒྱུད་འཛིན་གྱི་སྤྱོད་སྟངས་བཟང་བོ་ཞིག
རྩོམ་པ་པོ། མི་གསལ། ཡིག་བསྒྱུར། རིན་ཆེན་ཚེ་རིང་། དུས་ཚོད། 2018-07-09 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 293

       མི་རིགས་ཀྱི་གླུ་གར་རིག་གནས་དར་སྤེལ་གཏོང་ཆེད་དངོས་མིན་རིག་གནས་ཤུལ་བཞག་དང་ཡུལ་སྐོར་གཉིས་མཉམ་འབྲེལ་བྱས་པའི་གདོད་མའི་བོད་ཀྱི་པི་ལྦང་དང་གླུ་གར་གྱི་རྒྱུད་འཛིན་འཁྲབ་སྟོན་བྱེད་སྒོ་བདེ་ཆེན་ཁུལ་རིག་གནས་དང་ལུས་རྩལ་རྒྱང་བསྒྲགས་བརྙན་འཕྲིན་ཁང་གིས་སྐུལ་སྤེལ་བྱས་ནས་བསྡུས་པ་རེད།

       2018ལོའི་ཟླ་7ཚེས་6ཉིན་གྱི་ཕྱི་དྲོར།གདོད་མའི་བོད་ཀྱི་པི་ལྦང་དང་གླུ་གར་གྱི་རྒྱུད་འཛིན་འཁྲབ་སྟོན་བྱེད་སྒོ་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཉི་མ་སེར་བོའི་ཐང་ཆེན་ནས་གཟབ་རྒྱས་ངང་འགོ་བརྩམས་པ་རེད།བྱེད་སྒོའི་སྟེང་མི་རིགས་རིག་གནས་ལ་དུང་བ་ཟབ་པའི་དམངས་ཁྲོད་སྒྱུ་རྩལ་བ་རྣམས་ཀྱིས་གདོང་ལ་དགའ་སྤྲོའི་འཛུམ་གྱིས་ཁེངས་ནས་གདོད་མའི་བོད་ཀྱི་པི་ལྦང་གླུ་གར་སྣ་ཚོགས་རྒྱ་ཆེའི་ལྟད་མོ་བ་རྣམས་ལ་ཕུལ་ཞིང་དགའ་བསུ་ཆེན་པོ་ཐོབ་པ་རེད།

       དེ་ཡང་བྱེད་སྒོ་འདིར་བོད་ཀྱི་གདོད་མའི་པི་ལྦང་གླུ་གར་ཁོ་ན་མིན་པར་མི་འགྱང་བར་བོད་ཀྱི་སྐོར་བྲོ་དང་ལི་སུའུ་མི་རིགས་ཀྱི་ཨ་ཁྲི་མུའུ་ཀྭ  འཇང་རིགས་ཀྱི་ཨ་ཁ་པ་ལ་སོགས་གདོད་མའི་བྲོ་གར་འཁྲབ་སྟོན་གྱི་བྱེད་སྒོ་སྤེལ་རྒྱུ་ཡིན་པ་རེད།