སེམས་ཀྱི་ཉི་ཟླའི་ཤ་མོ་ལ་རྒྱལ་ཕྱི་ནང་གི་འཛད་སྤྱོད་པས་དགའ་བསུ་ཐོབ།
དབུ་ཤོག >> སྐབས་དོན་གསར་འགྱུར། >> ས་གནས་གསར་འགྱུར།
སེམས་ཀྱི་ཉི་ཟླའི་ཤ་མོ་ལ་རྒྱལ་ཕྱི་ནང་གི་འཛད་སྤྱོད་པས་དགའ་བསུ་ཐོབ།
རྩོམ་པ་པོ། མི་གསལ། དུས་ཚོད། 2018-07-19 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 624

  

    ཉེ་བའི་ཉིན་འགའི་རིང་ལ།  བསྟུད་མར་ཆར་བ་བབས་པ་དང་བསྟུན་ནས།  སེམས་ཀྱི་ཉི་ཟླའི་ཡུལ་དུ་ཤ་མོ་སྣ་ཚོགས་ཐོན་པའི་མགོ་བརྩམས་ཡོད།   གྲོགས་པོ་མང་བོའི་སྐད་འཕྲིན་གྱི་ནང་དོན་དུ་ཤ་མོ་འཐུ་བ་དང་།  ཤ་མོ་བཙོང་བ། ཤ་མོ་ཟ་བའི་འདྲ་པར་སྣ་ཚོགས་མཐོང་རྒྱུ་ཡོད། སྤྱིར་ན་སེམས་ཀྱི་ཉི་ཟླའི་ཞིམ་མངར་ལྡན་པའི་ཤ་མོ་སོགས་གདོད་མའི་ནགས་ཚལ་ནས་རྒྱང་རིང་གི་གྲོང་ཁྱེར་དུ་ཐོན་པར་ལམ་ཐག་ཤིན་ཏུ་རིང་ན་ཡང་།   དེང་སང་དངོས་ཟོག་སྐྱེལ་འདྲེན་ཤིན་ཏུ་སྟབས་བདེ་ཞིང་མགྱོགས་པས།  ཆུ་ཚོད48རིང་ཕ་རོལ་བའི་ལག་ཏུ་འབྱོར་ཐུབ་ཀྱི་ཡོད།    དེར་མ་ཟད་ཤ་མོ་སོགས་ས་གནས་ཀྱི་ཡུལ་ཐོན་ཁྱད་རྫས་ཚོང་ལམ་ཁག་ཏུ་བཀྲམས་ཡོད་པས།  གློག་རྡུལ་ཚོང་ལས་གཉེར་བཞིན་པའི་ཚོང་བ་ཚོས་དཔལ་འབྱོར་གྱི་ཁེ་ཕན་མི་ཉུང་བ་ཞིག་རེག་ཐུབ་ཀྱི་ཡོད།

ཤ་མོའི་ཚོང་ལས་གཉེར་མཁན་མེས་ཙིས་བཤད་ན།   དྲ་ཐོག་ཚོང་ལམ་ནས་ཤ་མོ་བཙོང་ན།  ཟླ་རེར་སྒོར་ཁྲི་ཡི་ཁེ་ཕོགས་ལོན་ཐུབ་ཟེར།   ཉེ་བའི་ལོ་འགའི་རིང་ལ། སེམས་ཀྱི་ཉི་ཟླའི་རང་བྱུང་སྐྱེ་ཁམས་གཉུག་མའི་ཟས་རིགས་ལ་རྒྱལ་ཕྱི་ནང་གི་འཛད་སྤྱོད་པས་དགའ་བསུ་བླ་ལྷག་ཐོབ་ཡོད་ཅིང་།   ཤ་མོའི་རིགས་ཁོ་ན་ཙམ་མ་ཟད།   སྟར་ཀའི་སྣུམ་དང་། བོད་ཕག་གི་ཤ་སོགས་ཉོ་མཁན་རྒྱུན་མ་ཆད་པར་བྱུང་ཡོད།   སྐད་འཕྲིན་སོགས་བརྡ་འཕྲིན་ཡོ་བྱད་ཁྱབ་གདལ་དུ་སོང་བ་དང་བསྟུན་ནས།  ཐོན་རྫས་མང་པོ་ཞིག་ནི་ཐད་ཀར་ལག་ཁྱེར་ཁ་པར་བརྒྱུད་ནས་མངག་ཉོ་གནང་ཆོག་པ་རེད།    ཉེ་ཆར་གྱི་གནས་ཚུལ་ལྟར་ན།    ཀོང་ཏུང་དང་ཀྲེ་ཅང་ས་ཁུལ་དུ་ཤ་མོ་ཉོ་མཁན་ཆེས་མང་ཞིང་།   གཞན་ཧྲང་ཧེ་དང་དང་པེ་ཅིན།  ཁྲིན་ཏུའུ།  ཧུའུ་ནན་སོགས་ས་ཆ་ན་ཡང་འཛད་སྤྱོད་པ་མི་ཉུང་བ་ཞིག་ཡོད།    ཤ་མོ་ལ་དུག་འགོག་གི་ནུས་པ་ལྡན་ཞིང་།   ཕོ་ཁ་དང་རྒྱུ་མ་གསོ་བ།    རླུང་ཁམས་དྭངས་པ།  མཆིན་པར་སྲུང་སྐྱོབ་བྱེད་པ་སོགས་ཀྱི་ཁྱད་ནུས་མང་པོ་ལྡན།   

 

 

 

 

རྩོམ་སྒྲིག་པ། (ཚེ་རིང་དོན་འགྲུབ།)