རྨ་ལྷོ་ཁུལ་གྱི་སྐབས་གསུམ་པའི་དབྱར་སྟོན་རིག་གནས་དུས་ཆེན་དང་2018ལོའི་ཀྲུང་
དབུ་ཤོག >> སྐབས་དོན་གསར་འགྱུར། >> བོད་ཁུལ་གསར་འགྱུར།
རྨ་ལྷོ་ཁུལ་གྱི་སྐབས་གསུམ་པའི་དབྱར་སྟོན་རིག་གནས་དུས་ཆེན་དང་2018ལོའི་ཀྲུང་
རྩོམ་པ་པོ། མི་གསལ། དུས་ཚོད། 2018-07-24 རྩོམ་ཁུངས། མི་དམངས་དྲ་བ། ཀློག་གྲངས། 56

  

 

 

    རྒྱལ་ཁབ་དང་ཞིང་ཆེན་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་དོན་འཁྱོལ་བྱ་ཆེད་དང་། སྔར་ལས་ལྷག་པའི་ངང་རྨ་ལྷོ་ཁུལ་གྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་དང་སྤུས་རྟགས་ཀྱི་ཤུགས་རྐྱེན་མཐོ་རུ་གཏོང་བ། རིག་གནས་དང་ཡུལ་སྐོར་མཉམ་བསྲེས་ངང་འཕེལ་རྒྱས་མགྱོགས་སུ་གཏོང་བ། རྒྱ་ཆེའི་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་ཆེད། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་སྐབས་གསུམ་པའི་དབྱར་སྟོན་རིག་གནས་དུས་ཆེན་དང་2018ལོའི་ཀྲུང་གོའི་བོད་ཀྱི་ལྷ་མོའི་སྒྱུ་རྩལ་རེས་གཟའ་གཅིག་གི་འཁྲབ་སྟོན་མཛད་སྒོ་ཟླ་7ཚེས་23ཉིན་རེབ་གོང་རྫོང་རིག་གནས་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས་པ་རེད།