བོད་ལྗོངས་ཀྱིས་ལོ་རྒྱུས་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་ལུས་རྩལ་འགྲན་ཚོགས་བསྡུས་པ།
དབུ་ཤོག >> སྐབས་དོན་གསར་འགྱུར། >> བོད་ཁུལ་གསར་འགྱུར།
བོད་ལྗོངས་ཀྱིས་ལོ་རྒྱུས་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་ལུས་རྩལ་འགྲན་ཚོགས་བསྡུས་པ།
རྩོམ་པ་པོ། མི་གསལ། དུས་ཚོད། 2018-07-26 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས། 219

       སྤྱི་ཟླ7པའི་ཚེས22ཉིན་གྱི་དགོང་མོར། བོད་རང་སྐྱོང་ལྗོངས་ཀྱི་སྐབས་བཅུ་གཉིས་པའི་ལུས་རྩལ་འགྲན་ཚོགས་དང་སྐབས་བཞི་བའི་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་དེ་ལྷ་སར་འགོ་ཚུགས་པ་རེད། འདི་ནི་བོད་ལྗོངས་ཀྱི་ལོ་རྒྱུས་ཐོག་གཞི་ཁྱོན་ཆེ་ཤོས་དང་། རྣམ་གྲངས་ཁ་ཚང་ཤོས། འགྲན་ཞུགས་མི་གྲངས་མང་ཤོས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་ལུས་རྩལ་འགྲན་ཚོགས་ཤིག་ཡིན་པ་རེད། ལུས་རྩལ་པ1200ལྷག་རྣམ་གྲངས་ཆེན་པོ21དང་རྣམ་གྲངས་ཆུང་བ92ཀྱི་འགྲན་བསྡུར་དང་། འཁྲབ་སྟོན་རྣམ་གྲངས1བཅས་ལ་ཞུགས་ནས་ངོམ་སྟོན་བྱས་ཡོད་ཅིང་། མི་རིགས་ཀྱི་ཁྱད་ཆོས་ལྷག་པར་ལྡན་པའི་ལུས་རྩལ་རྣམ་གྲངས་ལྟད་མོ་ཧ་ཅང་ཆེན་པོ་ཡོད་པ་རེད།

 

རྩོམ་སྒྲིག་པ། (ཚེ་རིང་སྒྲོལ་མ།)