གོམ་པ་བརྒྱབ་ན་ཕན་ཐོགས་མང་པོ་ཡོད་པ་གཞི་ནས་ཤེས་སོང་།
དབུ་ཤོག >> བོད་ཀྱི་རིག་གནས། >> གསོ་རིག >> བདེ་ཐང་མཛུབ་སྟོན།
གོམ་པ་བརྒྱབ་ན་ཕན་ཐོགས་མང་པོ་ཡོད་པ་གཞི་ནས་ཤེས་སོང་།
རྩོམ་པ་པོ། མི་གསལ། དུས་ཚོད། 2018-07-30 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 39

མཆིན་ཚིལ་རྒྱས་པའི་ནད་ལ་ཕན་པ།

རྒྱུན་དུ་གོམ་པ་མང་ཙམ་བརྒྱབ་ན་མཆིན་ཚིལ་རྒྱས་པའི་ནད་མགྱོགས་པོ་དྲག་པར་ཕན་ཐོགས་ཆེན་པོ་ཡོད། ཞིབ་འཇུག་ལས་མངོན་དོན། གལ་སྲིད་གཟའ་འཁོར་རེར་གོམ་པ་སྐར་མ་150ཡན་བརྒྱབ་ན་མཆིན་ཚིལ་རྒྱས་པའི་ནད་དེ་བས་མགྱོགས་པ་དྲག་སྲིད།

 

གྲུམ་ཚིགས་ནད་ལ་ཕན་པ།

གོམ་པ་བརྒྱབ་དྲགས་ན་ལུས་པོར་གནོད་སྲིད། འོན་ཀྱང་ཉིན་ལྟར་གོམ་པ་ཚད་རན་པོ་ཞིག་རྒྱག་རྒྱུ་རྒྱུན་འཁྱོངས་ན་རུས་ཚིགས་ལ་ཕན་པ་མ་ཟད། སྙིང་ལའང་ཕན་ཐོགས་འདུག

 

རྒྱགས་པ་ཆགས་ན་ལུས་མི་བདེ།

ལུས་ཤ་རྒྱགས་པ་ཆགས་མི་འདོད་ན། རྒྱུན་དུ་ནས་ལུས་སྦྱོང་བྱེད་རྒྱུ་གལ་འགངས་ཆེན་པོ་རེད། གལ་སྲིད་ཉིན་རེར་གོམ་པ་སྐར་མ་30རྒྱུན་འཁྱོངས་ན། གཟུགས་པོའི་ལྗིད་ཚད་ཚོད་འཛིན་ཐུབ་རྒྱུ་མ་ཟད། གཟུགས་ཆད་ཀྱང་ཡག་ཏུ་འགྲོ་ངེས་རེད།

 

ཁྲག་ཤེད་མཐོ་རུ་མི་འགྲོ་བ།

ཨ་རིའི་ཞིབ་མཇུག་མི་སྣས་ཞིབ་མཇུག་བྱས་པ་ལས་མངོན་པར། རྒྱུན་དུ་ནས་གོམ་པ་མང་ཙམ་བརྒྱབ་ན་ཁྲག་ཤེད་11mmHgདམའ་རུ་གཏོང་ཐུབ་པ་དང་། གྲིབ་སྐྱོན་ཕོག་པའི་ཉེན་ཁའང་ཆུང་དུ་འགྲོ་གི་ཡོད།

 

སྙིང་ཁམས་ཁྲག་རྩའི་ནད་ལ་ཕན་པ།

དབྱིན་ཇིའི་གསོ་རིག་དུས་དེབ་གསར་པཡི་ཐོག་བཀོད་པ་ལྟར་ན། རྒྱུན་དུ་གོམ་པ་ངེས་ཅན་ཞིག་བརྒྱབ་ཚེ་སྙིང་ཁམས་ཁྲག་རྩའི་ནད་ཕོག་པའི་ཉེན་ཁ་30%ཆུང་དུ་འགྲོ་གི་ཡོད། འོན་ཀྱང་། རྒན་རྒོན་ནམ་ཡང་ན་གཟུགས་པོ་སྐྱོ་བའི་མི་རྣམས་ལྟོ་ཆས་བཟས་ནས་ཆུ་ཚོད་གཅིག་ཙམ་ངལ་གསོས་རྗེས་གཞི་ནས་འཆམ་འཆམ་བྱས་ན་ལེགས།

 

སྐྲན་ནད་སྔོན་འགོག་ཐུབ་པ།

གོམ་པ་རྒྱག་རྒྱུ་ནི་སྐྲན་ནད་སྔོན་འགོག་བྱེད་པའི་ཐབས་ཤེས་ཡག་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། གལ་སྲིད་ཉིན་ལྟར་སྨི་1600སྐར་མ་20ཡི་ནང་ཚུན་དུ་འགྲོ་ཚར་བ་བྱས་ན། སྐྲན་ནད་སྔོན་འགོག་བྱེད་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་གྱི་ཡོད། 

 

གཉིད་ཁུག་བདེ་རུ་འགྲོ་བ།

དགོང་ཟས་བཟས་རྗེས་ཆུ་ཚོད་ཕྱེད་ཀ་ལྷག་ཙམ་འཆམ་འཆམ་བྱེད་དགོས་པ་དང་། དེ་རྗེས་ངལ་གསོ་སྐར་མ་15ཙམ་བརྒྱབ་ནས་ཉལ་ན་གཉིད་དེ་བས་ཁུག་བདེ་བ་ཡོད། ཡང་མིན་ན། ས་སྲོད་ལ་འཆམ་འཆམ་བྱེད་པའི་གོམས་གཤིས་འཇགས་ཚེ། ཟླ་བ་གསུམ་མི་འགོར་བར་གཉིད་ཁུག་སླ་རུ་འགྲོ་རྒྱུ་མ་ཟད་གཟུགས་པོའང་བདེ་རུ་ལྡབ་གཅིག་འགྲོ་སྲིད།

 

རྩོམ་སྒྲིག་པ། (ཚེ་རིང་དོན་འགྲུབ།)