ཡང་ཐང་གི་རྟ་ཟླ་དུས་ཆེན་ལ་ཐེངས་ཤིག་བལྟ་འདོད་ཨེ་ཡོད།
དབུ་ཤོག >> སྐབས་དོན་གསར་འགྱུར། >> ས་གནས་གསར་འགྱུར།
ཡང་ཐང་གི་རྟ་ཟླ་དུས་ཆེན་ལ་ཐེངས་ཤིག་བལྟ་འདོད་ཨེ་ཡོད།
རྩོམ་པ་པོ། ཚེ་དོན། དུས་ཚོད། 2018-07-31 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 373

 

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡང་ཐང་གྲོང་རྡལ་ཞི་བདེ་གྲོང་ཚོའི་ལོ་གཅིག་ནང་ཐེངས་གཅིག་རེ་འཚོགས་བཞིན་པའི་རྟ་ཟླ་དུས་ཆེན་ནི་ཡུལ་དེའི་དམངས་སྲོལ་རིག་གནས་ཀྱི་ཁྱད་ཆོས་མངོན་པར་ལྡན་པའི་དུས་སྟོན་གཙོ་བོའི་གྲས་ཀྱི་གཅིག་ཡིན།    རྟ་ཟླ་དུས་ཆེན་དར་བའི་ལོ་རྒྱུས་ཀྱི་རྒྱུན་ཤིན་ཏུ་རིང་།   གྲོང་མིའི་ངག་སྒྲོས་ལྟར་ན་སྔོན་ཆད་བོད་ཀྱི་མེས་པོ་ཚོས་ཡང་ཐང་དུ་གཞིས་སྡོད་བྱས་པ་ནས་བཟུང་།    ལོ་ལེགས་ཀྱི་འབྲས་བུ་སྨིན་པར་དགའ་སྟོན་རྒྱ་ཆེན་པོ་བྱས་ཤིང་། དུས་ཀྱི་འཕེལ་རིམ་ཁྲོད་ནས་ཇེ་རྒྱས་ཇེ་ལེགས་སུ་ཕྱིན་ཏེ་གཟབ་རྒྱས་ཆེ་བའི་དུས་ཆེན་ཞིག་ཏུ་གྱུར་བ་རེད།  ཟླ7པའི་ཚེས27ཉིན།  ཡང་ཐང་གི་གྲོང་མི་ཚོས་ཙག་ཙིག་ལས་ཀ་རྣམས་རེ་ཞིག་བསྐྱུར་ནས།   ཧུའུ་ཕི་རྩྭ་ཐང་དུ་འཛོམས་ཏེ།   འབྲུ་རིགས་སྣ་ལྔའི་ལོ་ཏོག་ལ་འབྲས་བུ་གཡུར་དུ་ཟ་བ་དང་།     མི་ལ་ན་ཚ་དང་ཕྱུགས་ལ་གོད་ཁ་མེད་པར་སྐྱབས་འཇུག་ཞུ་བའི་མཛེས་སྡུག་ལྡན་པའི་དུས་ཆེན་འདི་གཏོང་བ་རེད།  

     དགའ་སྤྲོའི་ཡོ་ལང་རྣམ་པར་རྒྱས་པའི་ཉིན་བཟང་དུས་བཟང་འདི་ལ།  ཧུའུ་ཕི་རྩྭ་ཐང་སྟེང་དུ།  ཞི་བདེ་གྲོང་ཚོའི་གྲོང་མི་རྣམས་ཀྱིས་ལུས་ལ་དྭངས་གཙང་གི་བོད་ལྭ་གྱོན་ནས་སྒར་རྒྱག་པ་དང་།  ཞིམ་མངར་ལྡན་པའི་ཟ་མ་བཟོས་ཏེ་ཕན་ཚུན་མགྲོན་འབོད་བྱེད་པ་དང་།    འཚོ་བའི་གཏམ་རྒྱུད་གླེང་བཞིན་རྟ་ཟླ་དུས་ཆེན་གཏོང་བ་ཡིན།  

      ཉིན་དེར་གྲོང་མི་ཚོས་གསོན་ཉམས་ལྡན་པའི་གླུ་གར་ལེ་ཚན16འཁྲབ་སྟོན་བྱས་ཡོད།  སྤྱིར་ན།   འཁྲབ་སྟོན་པ་ཚང་མ་མང་ཚོགས་དཀྱུས་མ་ཡིན་ལ།   ཆར་པ་སིམ་སིམ་ཞིག་ཀྱང་བབས་བྱུང་ན་ཡང་།   དེས་མང་ཚོགས་ཀྱིས་རང་བྱུང་ཁམས་དང་གནའ་བོའི་དམངས་སྲོལ་ལ་བཅངས་པའི་བརྩེ་བའི་འདུན་པ་ཟབ་མོ་དེ་འགོག་མི་ཐུབ་ལ།   གང་སར་དགའ་སྤྲོའི་དགོད་སྒྲ་དང་ཐལ་མོའི་རྡེབ་སྒྲས་འཁེངས་ཡོད།      ཉིན་དེར་རིག་རྩལ་འཁྲབ་སྟོན་ལས་གཞན།  ད་དུང་དམངས་ཁྲོད་ཀྱི་རྟ་ཆས་འགྲེམས་སྟོན་གྱི་བྱེད་སྒོ་ཡང་བཀོད་སྒྲིག་བྱས་ཡོད། 

       སྙན་མོའི་གླུ་གཞས་ཀྱི་འགྱུར་ཁུག་རེ་རེ།   གནའ་བོའི་སྐོར་བྲོའི་སྟང་སྟབས་རེ་རེས་ཡུལ་འདི་གའི་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་མང་ཚོགས་ཚོས་བདེ་སྐྱིད་འཚོ་བ་ལ་བསྟོད་བསྔགས་འབུལ་བའི་ལྷག་བསམ་ཀྱི་འདུན་པ་མཚོན་ཡོད།     

 

 

 

 

 

 

 

 

རྩོམ་སྒྲིག་པ། (ཚེ་རིང་དོན་འགྲུབ།)