བདེ་ཆེན་གྱི་དམངས་དམག་ཡོངས་ཀྱིས་དམག་འཛུགས་དུས་ཆེན་ལ་རྟེན་འབྲེལ་ཞུ།
དབུ་ཤོག >> སྐབས་དོན་གསར་འགྱུར། >> ས་གནས་གསར་འགྱུར།
བདེ་ཆེན་གྱི་དམངས་དམག་ཡོངས་ཀྱིས་དམག་འཛུགས་དུས་ཆེན་ལ་རྟེན་འབྲེལ་ཞུ།
རྩོམ་པ་པོ། མི་གསལ། ཡིག་བསྒྱུར། ཚེ་སྒྲོལ། དུས་ཚོད། 2018-08-01 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 364

       སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། དེ་རིང་ནི་ཟླ8པའི་ཚེས་1ཉིན་ཡིན་ལ།  ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་ངོ་91འཁོར་བའི་ཉིན་ཡང་ཡིན།  སྔར་ནས་བཟུང་སྟེ་བདེ་ཆེན་གྱི་མི་དམངས་མང་ཚོགས་དང་དམག་མི་བར་གྱི་འབྲེལ་བ་ནི་ཉ་མོ་དང་ཆུའི་འབྲེལ་དང་བཞིན་ཟབ་མོ་ཡོད་ལ། དམག་འཛུགས་དུས་ཆེན་སླེབས་དུས། བདེ་ཆེན་གྱིས་བྱེད་སྒོ་སྣ་མང་བརྒྱུད་ནས་དམག་མི་ཚོ་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས་བ་རེད།

       ཟླ་7པའི་ཚེས་30ཉིན།ཁུལ་ཨུའི་ཧྲུའུ་ཅི།ཁུན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཀུའུ་ཁུན་གྱིས་ཏང་དང་སྲིད་གཞུང་གི་སེམས་ཁུར་ཁྱེར་ནས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་གྱི་སྔོན་གཤེགས་དཔའ་བོའི་ཁྱིམ་མི་ལ་འཚམས་འདྲི་ཞུས་ཏེ།ཁོ་ཚོ་ལ་བརྒྱད་གཅིག་དམག་འཛུགས་དུས་ཆེན་གྱི་རྟེན་འབྲེལ་ཞུས།


       སྔོན་གཤེགས་དཔའ་བོའི་ཁྱིམ་མི་སུང་ཞིའུ་ཀྲེང་གི་ཁྱིམ་ནས་ཀུའུ་ཁུན་གྱིས་མི་རྒན་དང་བྱམས་བརྩེའི་ངང་ནས་གླེང་མོལ་བྱས་པ་དང་ཁོ་ཚོའི་བདེ་ཐང་དང་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས།ཁོང་གིས་སྔོན་གཤེགས་དཔའ་བོ་ཀྲང་ཅན་ཆོན་གྱིས་རྒྱལ་ཁབ་ལ་སྟོབས་ལྡན་ཕྱུག་གྱུར་བྱུང་བ་དང་མི་དམངས་རྣམས་བདེ་སྐྱིད་འཚོ་བ་རོལ་ཐུབ་ཆེད་ཁོང་རང་གི་ཚེ་སྲོག་འབུལ་སྟེ།བྱ་སྤྱོད་དངོས་པོའི་སྒོ་ནས་དམག་མི་ཞིག་ལ་ལྡན་དགོས་པའི་བླ་ན་མེད་པའི་དགོངས་དོན་ལག་ལེན་བྱས་ཡོད།ཁོང་ནི་ང་ཚོས་སློབ་སྦྱོང་བྱེད་དགོས་པའི་མིག་དཔེ་ཞིག་ཡིན་པ་དང་།ཏང་དང་སྲིད་གཞུང་གིས་ནང་ཡིན་ཡང་ཁོང་ལ་བརྗེད་རྒྱུ་མེད་ཅེས་བཤད་པ།ཀུའུ་ཁུན་གྱིས་མི་རྒན་ལ་ཧུར་བརྩོན་སྤྲོ་སྐྱིད་ངང་ནས་བདེ་སྐྱིད་ཀྱི་འཚོ་བ་རོལ་བ་དང་ལུས་པོའི་བདེ་ཐང་ལ་དོ་ཁུར་གནང་བའི་སྐུལ་མ་གཏོང་བ་དང་འཚམས་འདྲི་མ་དངུལ་སྤྲད་པ་རེད།


       ཀུའུ་ཁུན་གྱིས་སྔོན་གཤེགས་དཔའ་བོ་རོན་དབྱིན་ཧུང་གི་ཨ་མ་ལ་འཚམས་འདྲི་གནང་བའི་སྐབས།རོན་དབྱིན་ཧུང་གིས་རང་སྲོག་གིས་སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་སྲུང་སྐྱོང་བྱས་ཡོད།ཏང་དང་སྲིད་གཞུང་གིས་ཡིན་ནམ་ཡང་ཁོང་ལ་བརྗེད་རྒྱུ་མེད།ཁུལ་ཡོངས་མི་རིགས་སོ་སོའི་ལས་བྱེད་པས་སྔོན་གཤེགས་དཔའ་བོའི་སྙིང་སྟོབས་ལ་རྒྱུན་འཛིན་དང་དར་སྤེལ་གཏོང་ཞིང་།སྔར་ལས་ལྷག་པར་བདེ་ཆེན་གྱི་བརྟན་བརླིང་འཕེལ་རྒྱས་དང་མི་རིགས་མཐུན་སྒྲིལ་སོགས་ཀྱི་ལས་ཀ་ཁག་ཡག་པོ་བསྒྲུབས་ཏེ།ཕྱོགས་ཡོངས་ནས་རྒྱལ་ཡོངས་བོད་ཁུལ་གྱི་མཆོང་སྐྱོད་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ཀྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་།བདེ་ཆེན་བདེ་སྡོད་ལས་བརྩོན་དང་འགན་སྲུང་ནུས་ལྡན།ཁྱིམ་གཞིས་མཛེས་པ།མི་རིགས་མཐུན་སྒྲིལ།དཔལ་ཡོན་འཆམ་མཐུན་ལྡན་པའི་བོད་ཁུལ་གསར་པའི་འཛུགས་སྐྲུན་ལ་སྟོབས་ཤུགས་འབུལ་རྒྱུ་ཡིན་ཞེས་གནང་བ་རེད།


       ཟླ7པའི་ཚེས་31ཉིན།  ཁུལ་སྲིད་གཞུང་གི་ཁུལ་དཔོན། ཁུལ་རྒྱལ་སྲུང་སྐུལ་སློང་ཨུ་ལྷན་གྱི་ཀྲུའུ་རེན་ཆི་ཅན་ཞིན་གྱིས་འབྲེལ་ཡོད་འགོ་ཁྲིད་སྣེ་ཁྲིད་བྱས་ཏེ་དྲག་པོའི་ཉེན་རྟོག་ཡུན་ནན་སྤྱི་ཁྱབ་རུ་ཁག་གི་ཡན་ལག་རུ་ཁག་གཉིས་པར་ཟབ་འཇུག་བྱས་ནས་བདེ་ཆེན་དུ་བཅའ་སྡོད་བྱས་ཡོད་པའི་དམག་མི་དང་ཉེན་རྟོག་པ་ལ་འཚམས་འདྲི་ཞུས་བ་རེད།


       ཉིན་དེར།  བདེ་ཆེན་ཁུལ་གྱིས་ཀྲུང་གོའི་བཅིངས་འགྲོལ་དམག་བཙུགས་ནས་ལོ་ངོ་91འཁོར་བ་ལ་རྟེན་འབྲེལ་ཞུ་པའི་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་།  ཚོགས་ཞུགས་མི་སྣ་རྣམས་ཀྱིས་དྲག་པོའི་ཉེན་རྟོག་ཡུན་ནན་སྤྱི་ཁྱབ་རུ་ཁག་གི་ཡན་ལག་རུ་ཁག་གཉིས་པའི་དམག་དོན་ཚན་པའི་གཟིགས་འབུལ་འཁྲབ་སྟོན་དང་དམག་ཆས་འགྲེམ་སྟོན་སོགས་ལ་ལྟད་མོ་ལྟས་པ་རེད། ཉིན་དེའི་དགོང་མོར་ད་དུང་ཀྲུང་གོའི་བཅིངས་འགྲོལ་དམག་བཙུགས་ནས་ལོ་ངོ་91འཁོར་བའི་དམངས་དམག་མཉམ་སྤྲོ་དགོང་ཚོགས་སྤེལ་བ་རེད།

       ཟླ7པའི་ཚེས་31ཉིན། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཚན་ཁག་བཞིས་གྲོང་ཁྱེར་ཡོངས་ཀྱི་གྲོང་མིའི་དམག་བཀུར་སྤྲོ་སེམས་ཁྱེར་ནས་བཅའ་སྡོད་དམག་དཔུང་ཁག་ལ་དུས་ཆེན་གྱི་འཚམས་འདྲི་ཞུས་བ་རེད།

འཚམས་འདྲི་ཚོ་ཆུང་གིས་དམག་དཔུང་གི་འཛུགས་སྐྱོང་དང་དཔོན་དམག་དག་གི་ལས་ཀ་དང་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་།  ཁོང་ཚོས་རྒྱ་ཆེ་བའི་དཔོན་དམག་དག་གིས་དུས་ཡུན་རིང་པོའི་ཚུན་དུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་དཔལ་འབྱོར་སྤྱི་ཚོགས་འཆམ་མཐུན་དར་འཕེལ་བྱུང་བ་དང་།  མི་དམངས་མང་ཚོགས་བདེ་སྡོད་ལས་བརྩོན་ཐོབ་པ་ལ་བྱས་རྗེས་གང་མང་འབུལ་ཡོད་པ་དང་།  སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་སྤྱི་ཚོགས་ལས་དོན་ཁག་དར་འཕེལ་ཆེན་མོ་བྱུང་བ་ནི་གྲོང་མི་ཡོངས་ཀྱིས་འབད་བརྩོན་བྱེད་པའི་གྲུབ་འབྲས་ཡིན་པ་མ་ཟད།  བཅའ་སྡོད་དམག་དཔུང་གི་དཔོན་དམག་ཡོངས་ཀྱིས་ཐུགས་ཁུར་དང་རྒྱལ་སྐྱོར་ལ་ཡང་བྲལ་ཐབས་མེད། གྲོང་ཁྱེར་ཨུ་ལྷན་དང་གྲོང་ཁྱེར་སྲིད་གཞུང་གིས་མུ་མཐུད་དུ་དམག་དཔུང་འཛུགས་སྐྱོང་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་དང་།  སྔར་ལས་ལྷག་པར་དམག་དཔུང་དང་སྲིད་གཞུང་།  དམག་དཔུང་དང་མི་དམངས་བར་གྱི་མཐུན་སྒྲིལ་གྱི་རྣམ་པར་བཟང་པོ་སྲ་བརྟན་དུ་བཏང་ནས།  ཧུར་ཐག་གིས་བཀུར་སྐྱོང་གཉིས་ཀྱི་ལས་ཀ་སྐས་རིམ་གསར་པར་བསྐྱོད་པ་ལ་སྐུལ་སྤེལ་གཏོང་རྒྱུ་ཡིན་ཞེས་ཟེར་བ་རེད།

       ཉེ་སྔོན།  འབའ་ལུང་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་སྣེ་ཁྲིད་བྱས་པ་དང་།རྫོང་བཀུར་སྐྱོང་གཉིས་ཀྱི་ལས་ཀའི་འགོ་ཁྲིད་ཚོ་ཆུང་གཞུང་དོན་ཁང་དང་རྫོང་དམངས་སྲིད་ཅུས་ཀྱིས་རྩ་འཛུགས་བྱས་ནས་འཚམས་འདྲི་ཚོ་ཆུང་གྲུབ་སྟེ་དམག་བཀུར་ཁྱིམ་སྐྱོང་གི་བྱེད་སྒོ་རབ་དང་རིམ་པ་སྤེལ། ཁོང་ཚོས་གཙོ་ཆེའི་གཟིགས་སྐྱོང་བྱ་ཡུལ་དང་། མངའ་ཁོངས་ནང་གི་གཱ་དང་ཡིག་ཚགས་བཟོས་ཡོད་པའི་དབུལ་ཕོངས་དུད་ཚང་དང་དམའ་སྲུང་དུད་ཚང་གི་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི།   བཅའ་སྡོད་དམག་དཔུང་སོགས་ཀྱི་མི་1076ལ་འཚམས་འདྲི་ཞུས་པ་རེད།

   

རྩོམ་སྒྲིག་པ། (ཚེ་རིང་སྒྲོལ་མ།)