བུ་ཕྲུག་ལ་ཁྱིམ་བདག་གིས་སྨྲ་མི་རུང་བའི་སྐད་ཆ་ཚིག་བཞི།
བུ་ཕྲུག་ལ་ཁྱིམ་བདག་གིས་སྨྲ་མི་རུང་བའི་སྐད་ཆ་ཚིག་བཞི།
རྩོམ་པ་པོ། མི་གསལ། དུས་ཚོད། 2018-08-02 རྩོམ་ཁུངས། གངས་རླུང་འཕྲིན་སྟེགས། ཀློག་གྲངས། 41

       བྱིས་པ་འཚར་ལོངས་བྱུང་བའི་གོ་རིམ་ཁྲོད་སེམས་ཁམས་ཀྱི་འཚར་སྐྱེས་ནི་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། བྱིས་པ་ཆུང་ཡང་ཚོར་སྣང་ཤིན་ཏུ་སྐྱེན་པོ་ཡོད་ལ། ཁྱིམ་བདག་གིས་ཐོག་མའི་སློབ་གསོའི་སྐབས་སྔར་ལས་ལྷག་པའི་སེམས་ཞིབ་མོ་དང་ངང་རྒྱུད་རིང་པོ་དགོས་ལ། ཆེས་ཞིབ་ཕྲ་ནས་འགོ་རྩོམ་དགོས་ཏེ་ཡིད་གཟབ་མེད་པར་བྱིས་པའི་སེམས་ལ་རྨ་ཁ་བཟོ་མི་རུང་།


       ༡.འདི་ཁྱོད་ལྟ་བུའི་ལོ་ཚོད་ཀྱི་བྱིས་པས་སྒྲུབ་རྒྱུའི་དོན་དག་ཅིག་རེད་དམ།

       བྱིས་པ་ལོ་ན་ལྔ་ཅན་ཞིག་གིས་རང་ཉིད་ལ་ཐོབ་འདོད་ཡོད་པའི་དངོས་པོ་ཞིག་མ་ཐོབ་པར་ངུ་སྔངས་བྱེད་པ་དང་། ཡང་ན་ལོ་ན་བཞི་ཅན་གྱི་བྱིས་པ་ཞིག་སྤྱི་སྤྱོད་རླངས་འཁོར་ནང་ཚུལ་ལྡན་ངང་མི་སྡོད་པའི་སྐབས་སུ། དོན་དངོས་ཐོག་ཁོས་རང་ཉིད་ཀྱི་ལོ་ཚོད་དང་མཐུན་པའི་བྱིས་པ་ཞིག་བྱེད་བཞིན་ཡོད་པ་དེ་རེད།

       ངེས་པར་ཏུ་སྒྲུབ་འོས་པའི་དོན།   གལ་ཏེ་བྱིས་པས་སྒྲུབ་པ་སྔར་ལས་གནད་སྨིན་འཐུས་ཚང་དང་ཁ་ལ་ཉན་པ། འཚམ་པོ་ཡིན་ན་ཕ་མ་ཧ་ཅང་ཡིད་ཚིམ་པ་དང་དགའ་སྤྲོ་སྐྱེ་སྲིད་པ་སྨོས་མེད་ཡིན། ཁྱོས་བྱིས་པ་ལ་ལུགས་མཐུན་ཡིན་དགོས་པའི་ཆ་རྐྱེན་འདོན་སྐབས། ཁོ་ལ་འདི་ལྟ་བུའི་ལུགས་མཐུན་མིན་པའི་སྤྱོད་ཚུལ་བྱུང་བའི་རྒྱུ་མཚན་ཅི་ཡིན་པ་མ་ཤེས་པའི་རྐྱེན་སྔོན་དུ་སོང་ནས། ཁྱོད་ཀྱིས་འདི་ལྟ་བུའི་ཁ་རྡུང་གི་རང་བཞིན་ལྡན་པའི་སྐད་ཆ་བཤད་བྱུང་བ་རེད། སྐབས་འདིའི་དུས་སུ། དོན་ངོ་མར་ཁྱོད་ཀྱིས་སེམས་ཁུར་བྱེད་བཞིན་པ་ནི་བུ་ཕྲུག་གིས་ཁྱོད་ལ་བསྐྱལ་ཡོང་བའི་ཤུགས་རྐྱེན་༼ཁྱོད་ཉིད་ཅི་བྱ་གཏོལ་བྲལ་བྱས་པའམ་ཡང་ན་ཁ་སྐྱེངས་པོར་བྱས་པ༽དེ་ཡིན་པ་རེད།

       དངོས་འབྲེལ་བྱིས་པའི་ཚོར་བ་ལ་སེམས་ཁུར་དང་། ཁོ་ལ་ཤེས་རྟོགས་དང་འདང་ངེས་ཀྱི་གཅེས་སྐྱོང་། གདུང་སེམས་མཉམ་སྐྱེས་དང་། ཁོ་འདི་ནས་བསྡད་ན་སེམས་ཧ་ཅང་མི་སྐྱིད་པ་རེད་དམ་ཡང་ན་ཕོ་བ་ལྟོགས་པ་ཡིན་པ་སོགས་ལ་སེམས་ཁུར་བྱེད་དགོས།

       ༢.ཁྱོད་དངོས་ནས་བྱིས་པ་ཡ་མེད་ཅིག་རེད།

       བྱིས་པ་དང་མཉམ་ཏུ་ཁ་མཚར་བརྩེ་ན་ཁོ་ལ་རྩེ་ཁ་དགོད་ཁ་སློང་བའི་ཐབས་མཆོག་ཅིག་ཡིན་པ་ལྟར་དུ་སྣང་ཡང་། འོན་ཀྱང་ཁྱོད་ཀྱིས་དམ་བུའི་ཁ་དམ་པོར་རྒྱག་རྒྱུ་བརྗེད་པ་ལྟར།"ཁྱོད་ལ་ཀླད་པ་མེད་པ་རེད་དམ་"ལ་སོགས་ཀྱི་ཁ་མཚར་བསྟུད་མར་བརྩེ་བ་འདིས་བྱིས་པར་གནོད་པའི་ཚོར་བ་དངདཔའ་ཞུམ་པའི་ཉམས་སྣང་འབྱུང་བའི་ཤུགས་ཆེ་བ་རེད།ཕ་མ་ལ་ལས་འདི་ལྟར་འཛེམ་པ་མེད་པར་བྱིས་པར་འཕྱ་དགོད་བྱས་པ་ཡིན་ན། མ་འོངས་པར་ཁོས་མི་དང་མིའི་བར་གྱི་ཉོག་འཛིང་ཆེ་བའི་འབྲེལ་བ་དང་གདོང་གཏད་པར་ཕན་པ་ཡོད་རྒྱུ་རེད་འདོད་པ་དང། ཁོ་ལ་འདི་ལྟ་བུའི་སྦྱོང་བརྡར་ཐེབས་མྱོང་བའི་རྐྱེན་གྱིས་སྔར་ལས་ལྷག་པའི་སྡུག་རུས་ཅན་ཏུ་འགྱུར་ཐུབ་པར་འདོད་པ་རེད་ལ། བསམ་ཚུལ་འདི་ལྟ་བུ་ནི་ནོར་འཁྲུལ་ཡིན་པ་རེད།

       བྱིས་པའི་ཕ་མ་ཡིན་པའི་ངོས་ཐད་ནས་བཤད་ན་ཁྱོད་ཀྱི་འོས་འགན་ནི་ཁོ་ལ་དགའ་བ་དང་ཁོ་ལ་རྒྱབ་སྐྱོར། ཁོ་ལ་རོགས་རམ། ཁོ་ལ་སློབ་སྟོན་བཅས་བྱེད་དགོས་པ་ལས་སྒྲོབ་རྫི་ཆེ་བའི་འགལ་རྐྱེན་སྦྱོང་བརྡར་དེ་རྩེད་མཚར་གྱི་ནང་དུ་སྦས་སྐུང་བྱེད་པ་དེ་མ་ཡིན། གལ་ཏེ་སེམས་གཏིང་ནས་ཁོ་དེ་འདྲའི་གླེན་པ་དང་ནུས་མེད་ཅིག་ཡིན་པར་འདོད་ཀྱིན་མེད་ན་ཁྱེད་ཀྱིས་དེ་ལྟ་བུའི་སྐད་ཆ་མི་བརྗོད་པར་མཁྱེན།


       ༣.ཁྱོད་ཁྱིམ་ཚང་གཞན་པའི་བྱིས་པ་དང་མི་འདྲ་དོན་ཅི་རེད།

       འདི་ལྟ་བུའི་བྱིས་པ་དང་གཞན་པ་བསྡུར་བའི་བྱེད་ཐབས་འདིས་ཐད་ཀར་བྱིས་པ་ལ་རང་ཉིད་ནི་རིམ་གཉིས་སྤྱི་དམངས་ཤིག་དང་འདྲ་བའི་ཚོར་སྣང་འབྱུང་བའི་ནུས་པ་ཡོད་པ་དེ་ཡིན་ལ། དེ་དང་ལྷན་ཏུ་ཁོ་དང་མི་གཞན་པའི་འགལ་ཟླའི་སེམས་ཁམས་ཤུགས་ཆེ་རུ་འགྲོ་བ་རེད། ཕ་མས་བསྡུར་བ་བྱེད་པའི་ཐབས་འདི་ལྟ་བུ་བརྒྱུད་ནས་བྱིས་པ་ལྷག་ཏུ་ཁ་ཉན་དང།ཡང་ན་སྔར་ལས་ལྷག་པའི་སློབ་སྦྱོང་ལ་འབད་བརྩོན་བྱེད་ན་འདོད་པ་ཡིན་ཡང་། བྱེད་ཐབས་འདིས་བུ་ཕྲུག་གི་རང་ཉིད་ལ་ཡིད་ཆེས་པའི་སེམས་པ་ཇེ་ཞན་ཏུ་འགྱུར་བ་ལས་གྲུབ་འབྲས་སྔར་ལས་བཟང་བ་འབྱུང་མི་སྲིད།

       ཁྱོད་ཀྱིས་ཁོ་ལ་ཇི་ལྟར་ནུས་མེད་རེད་ཅེས་བཤད་ན། ཁོས་སྔར་ལས་ཀྱང་རང་ཉིད་ནུས་མེད་ཡིན་པར་འདོད་སྲིད། ཕ་མས་བུ་ཕྲུག་གི་ནུས་པ་ལ་ཡིད་ཆེས་བྱེད་དགོས་ལ། དེ་དང་ལྷན་དུ་བུ་ཕྲུག་གི་ཞན་ཆ་ལ་ལྟ་ཚུལ་ཡང་དག་ཡོད་དགོས། བུ་ཕྲུག་ལ་རང་ཉིད་ཀྱི་སྤྱོད་ཚུལ་ལ་སྣང་འཇོག་བྱས་ནས་གོང་སྤེལ་དང་ཇེ་ལེགས་སུ་གཏོང་བར་ཁྲིད་སྟོན་བྱས་ན་ད་གཟོད་བགྲོད་ལམ་ཡང་དག་པ་དེ་ཡིན།

       ༤.དལ་མོ་བྱོས། ཁྱོད་ཐང་ལ་འགྱེལ་རྒྱུ་རེད།

       ཕ་མས་རང་ཉིད་ཀྱི་སེམས་ཁུར་དང་དྲན་སྐུལ་ནི་ཧ་ཅང་ཞིབ་ཚགས་ཡིན་པར་འདོད་སྲིད་ཀྱང་། ཁྱོད་ཀྱི་འདི་ལྟ་བུའི་ཉེན་བརྡ་ཡིས་དོན་དངོས་ཐོག་ཁོ་ལ་"ང་ཁྱོད་ཉིད་ཐང་ལ་འགྱེལ་བ་དང་འཕྲད་ཚར"ཞེས་བརྗོད་ཀྱིན་ཡོད་པ་རེད། འདིས་བྱིས་པ་ལ་བློ་ཕམ་ཡིད་ཆད་ཀྱི་ཚོར་བ་འབྱུང་སྲིད་དེ། ཁོས་ཇི་ལྟར་འབད་པ༼སྔར་ལས་བཟང་བ་བྱེད་འདོད་པ༽བྱས་ན་དེ་ལྟར་ཕམ་ཁ་འབྱུང་བ་རེད།༼བརྒྱུགས་ན་ཐང་ལ་འགྱེལ་སྲིད་པ་རེད།༽དོན་དངོས་ཐོག་ཁྱོད་ཀྱིས་ཁོ་ལ་རྡོག་ཐག་བཅངས་ཚར་རྗེས་ད་གཟོད་རྩེ་རུ་སོང་ཞེས་ནན་མངག་བྱེད་ཆོག་པ་རེད། འདིའི་སྐབས་སུ་ཁྱོད་ཀྱིས་གྲོས་སྡུར་བྱེད་ཀྱིན་པ་ནི་ཁོ་ཡི་ལྷམ་ཡིན་པ་སྟེ། དམག་ཆས་ཀྱི་གྲ་སྒྲིག་ཡིན་པ་ལས་བྱིས་པའི་ནུས་མེད་མ་རེད། ད་དུང་ཁྱོད་ཀྱིས་ཇི་ལྟར་ཁོ་ལ་དོན་དག་གང་ཡང་མི་འབྱུང་བའི་ཉེན་བརྡ་གཏོང་འདོད་པ་ཡིན་ན། བྱིས་པས་ལྷག་ཏུ་ཁྱོད་ཀྱི་སྐད་ཆ་ལ་མཐོང་ཆེན་བྱེད་མི་སྲིད་པ་རེད། རྒྱུ་མཚན་ཁོ་ལ་ཁྱོད་ཀྱིས་རང་ཉིད་ཀྱིས་ཅི་ཞིག་བཤད་ཀྱིན་པ་རྩ་བ་ནས་ཤེས་ཀྱིན་མི་འདུག་སྙམ་པའི་ཚོར་སྣང་བྱུང་བས་རེད།

      བྱིས་པ་དང་ལབ་གླེང་བྱེད་པའི་སྐབས་སུ། ཁྱོད་ཀྱིས་འདི་དག་སེམས་ལ་འཛིན་དགོས།

       བུ་ཕྲུག་ལ་རང་ཉིད་ནི་ཁྱོད་ཀྱི་གྲོགས་པོ་ཡིན་པ་ཚོར་ཏུ་འཇུག་དགོས་ལ། ཁྱོད་ཀྱི་ཆ་རྐྱེན་དེ་ལ་ཆ་མཚོན་ན་ཁོས་ལན་སློག་པ་དང་དེར་དོ་སྣང་བྱེད་པ་ནི། གཞན་གྱིས་རེ་བ་བྱེད་པ་དང་གཞན་གྱིས་བརྩི་བཀུར་བྱས་པ་ཡིན་པ་ཚོར་དུ་འཇུག་དགོས་པ་ལས། ཁྱོད་ཡིད་མ་ཚིམ་པ་ལས་ཁོ་ནི་ཁྱོད་ཀྱི་ཁ་གཏད་དུ་གྱུར་བའི་ཚོར་བ་འབྱུང་དུ་འཇུག་མི་རུང་།

       བུ་ཕྲུག་དང་སྐད་ཆ་བཤད་པར་ཐབས་རྩལ་བཀོལ་ཆེ་མི་རུང་། དཔེར་ན་"ངས་ཐམས་ཁྱོད་ལ་ཅི་ཞིག་བཤད་ཐལ།"ལན་མེད་ལྡོག་འདྲི་ཡི་ཚིག་འདི་ལྟ་བུའི་ནང་། དོན་དངོས་ཐོག་བྱིས་པས་ཁྱོད་ཀྱི་སྐད་ཆ་ལ་བརྩི་སྲུང་མ་བྱས་པར་སྐྱོན་ཆ་ཐེར་འདོན་བྱེད་པ་སྦས་སྐུང་བྱས་ཡོད་པ་རེད། ཁྱོད་ཀྱིས་གཟབ་ནན་སྒོས་ཐད་ཀར་དུ་རང་ཉིད་ཀྱི་འདོད་བློ་མཚོན་པ་ཡིན་ན་བྱིས་པའི་དཀའ་གནད་གང་མང་ཉུང་དུ་གཏོང་ཐུབ་ལ་འབྲེལ་བ་ཡག་པོ་ཡོང་བའི་ཕན་པ་ཡོད་པ་རེད། གོང་འཕེལ་གྱི་མིག་ཟུང་གིས་བལྟས་ན་བྱིས་པས་མངོན་པའི་ཨུ་ཚུགས་ཚ་པོ་དང་རང་ཉིད་གཙིགས་སུ་འཛིན་པའི་སྤྱོད་ཚུལ་ནི་ལོ་ཚོད་དེ་དང་འཕྲོད་ལ་དང་ལེན་བྱ་ཆོག་པ་ཞིག་ཡིན་ལ། ཕ་མས་ཁོ་ཚོ་ལ་ལྷག་ཏུ་བསམ་ཤེས་ཐུབ་པ་བྱེད་དགོས། ཁྱོད་ཁོང་ཁྲོ་ལངས་བའི་སྐབས་སུ་ཁྱོད་ཀྱིས་རང་ཉིད་གཙུགས་སུ་འཛིན་པའི་སྤྱོད་ཚུལ་དེ་བྱིས་པ་དང་བསྡུར་ན་དེ་ལས་ཀྱང་བཟོད་སྒོམ་བྱེད་མི་ཐུབ་པ་ཞིག་ཡིན།

   

རྩོམ་སྒྲིག་པ། (ཚེ་རིང་སྒྲོལ་མ།)